རྒྱརི

               

                      རྒྱང་རིང་།

         

                                       @མྱི་སྨྱོན།

གླུ་སྐད་དེའི་དབུ་རུ་འཁྱུད་ནས་གཏམ་རྒྱུད་གཅིག་གི་མཐའ་རུ་བསམ་དུས།

རྒྱང་དུ་བུད་པའི་སྤྲིན་པ་ཁེར་ཁེར་ཞིག

ད་དུང་ཡང་དྲོད་ལ་དུངས་བའི་བྱ་ཁྱུ་དེ་དག་དྲན་འོང་།

དེ་དུས་ང་ཕ་ཡུལ་གྱི་རྩྭ་ཐང་ན་ཡོད།

ཞོགས་པ་ཞིག་ལ།

ངའི་སྔས་མགོར་བབས་པའི་གཏམ་ཁྲ་ཁྲ་དེ་ཚོ།

སེམས་ཀྱི་ཁུག་མར་བཅུག་ནས།

འཇའ་འོད་ཀྱི་བསླུ་བྲིད་ལ་འཁྱུད་པའི་ཡུལ་ལུང་འདི་ནས།

རླུང་བུ་བསིལ་བསིལ་ཞིག་དང་ལྷན་དུ་རྒྱང་རིང་ལ་ཆས་མྱོང་།

ཁ་བ་བབས་སོང་།

ཁ་བ་བབས་དུས།   ཡོད་ཚད་འཁྱགས་ཟིན།

ངའི་ཨུ་ཚུགས་ཀྱིས་སྤོས་པའི་རྐང་རྗེས་རབ་རིབ་དེ་ཁ་བས་བཀང་།

དེ་དུས་བྱ་ཁྱུ་རྒྱང་ལ་བུད་ཟིན།

ཆང་རྫོགས་སོང་། མིག་ཆུ་ཟད་སོང་།

སྨག་ནག་པའི་མཚན་མོར་གླུ་སྐད་ཀྱང་ཡལ་སོང་།

ཚོར་བ་མེད་པའི་སྙན་ངག་གཅིག་ལས་རྒྱང་རིང་ཞེས་བར་མེད་དུ་གླེང་།

                            2016/10/8ཉིན།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 437评论 0 1
  • 又是一个星期天,因为昨夜喝了点酒的缘故,一觉醒来头有些疼。当我两眼看过窗外的时候,太阳已经照亮了西边的楼墙,晨风凉...
    无言醉美阅读 579评论 0 1
  • 一、SSH 是什么 SSH(全称 Secure Shell)是一种加密的网络协议。使用该协议的数据将被加密,如果在...
    wangminglang阅读 6,554评论 0 4
  • 我已经度过了二十几岁刚开始的日子,不是安然坦然地度过的,虽然挣扎但也问心无愧。像所有庸俗的套路一样,如果给我一次重...
    亲爱的普朗阅读 189评论 0 0