མོན་ཐུལ།
ངའི་མེས་པོ་སྲོག་གི་ཀ་བ།།
གནམ་སྔོན་པོའི་བརྟེན་ས་ཉག་ཅིག།
ངའི་མེས་པོ་སྤྲུལ་བའི་བ་དམ།།
གཡག་དགོད་པོའི་སྤྲིན་གྱི་རལ་བ།།
ངའི་མེས་པོ
ས་ཆེན་གྱི་ང་བདག
སྲིད་པ་སྔ་རབས་ཀྱི་སྤྲིན་གྱི་གཤོག་ཟུངས་ཞིག
ཉི་ཟླ་ཐོད་དུ་འཆང་བས་འོད་ཀྱི་ལག་པ་ཞིག
ཁྱེད་ཀྱི་མིང་ཐོས་ན
རྟ་མཆོག་གིས་འཚེར་སྐད་སྒྲོགས
མེ་ཏོག་གིས་རྐེ་ལྕོག་ལྡེམ
སྐར་ཚོགས་ལ་འོད་མདངས་གསལ
འཇའ་མཚོན་གྱིས་བྲོ་གར་འཁྲབ
ཀྱེ
ཐུ་བྷོད་ཚང
ཁྱེད་ནི་ངའི་རྨི་ལམ་གྱི་ཞིང་ཁམས་ཐོགས་མ
ཁྱེད་ནི་ངའི་སེམས་ཁུང་གི་ཁྱིམ་གཞི་དྲོད་མོ
ཁྱེད་ནི་ངའི་དགའ་སྐྱོའི་གཞས་ཆུང་ལེན་ས
གངས་ཅན་པ
ཁྱེད་ནི་མི་ལོ་དུ་མར་གནས་པའི་སྙིང་སྟོབས་ཀྱི་རྡོ་རིང
ཁྱེད་ནི་མི་ལོ་དུ་མར་གནས་པའི་མཐུན་སྒྲིལ་གྱི་དཔུང་པ
ཁྱེད་ལ་མཉམ་མེད་ཀྱི་སྙིང་སྟོབས་ལྡན
ཁྱེད་ལ་རྫོགས་མེད་དཔའ་པོ་འབྱུང
ཁྱེད་ནི་འཛམ་གླིང་གི་ཡང་རྩེར་སོན་པའི
མི་རིགས་མཐུན་སྒྲིལ་ཅན་ཞིག་ཏེ
སྟོབས་འབྱོར་གཉིས་ལྡན་གྱི་རྒྱལ་ཁབ་ཞིག་གོ
ཁྱེད་ཀྱིས་སྙིང་སྟོབས་ཀྱི་དར་ཆ་བསྒྲེངས་ཏེ
འཛམ་གླིང་གི་ཡང་རྩེར་ངམ་གྱིས་འཇུ་མྱོང
རྟུལ་ཕོད་ཀྱིས་སྐད་ཟིང་སྒྲོག་བཞིན
དམར་སློག་སློག་གི་རང་སྲོག་དེ་ཡང
རང་དབང་དང
འདྲ་མཉམ་ལ་ཕུལ་མྱོང་བའི
ངའི་བཙན་པོ་ཚང
གདོན་འདྲེ་ཡིས་འཆའ་སྒྲ་སྒྲོག་ཞིང
གནམ་གཤིས་དང་དྲན་གཡོག་གིས་ངུ་འབོད་བྱེད་པའི
ཉི་མ་དང་བར་ཐག་ཤིན་ཏུ་ཉེ་བའི་མཐོ་སྒང་གི་བྱེད་ཐེང་འདི་ནས
རང་དབང་དང་ལ་རྒྱ་ཡི་ཆེད་དུ་སྐུ་གཤེགས་སོང་བའི
ངའི་ཡབ་མེས་རྣམ་ལ་མྱ་ངན་ཞུ
དུས་རབས་ཕྱི་མར་གནས་པའི་བོད་གངས་ཅན་གྱི་གཞོན་རབས་རྣམ་པ
ཡིད་མ་ཕམ
ང་ཚོ་ལ་ད་དུང་སང་ཉིན་ཡོད
ང་ཚོ་ནི་ཤ་ཟན་དགོང་དམར་བོད་ཀྱི་རྒྱུད་པ་ཡིན་ལ
ང་ཚོའི་ཡབ་མེས་ལ་རང་དབང་དང་འདྲ་མཉམ་འཁོ་ན
ང་ཚོ་ལ་ཅིའི་ཕྱིར་མི་འཁོ
ང་ཚོའི་ཡབ་མེས་ལ་སྐད་ཡིག་གི་རིན་ཐང་འཁོ་ན
ང་ཚོ་ལ་ཅིའི་ཕྱིར་མི་འཁོ
ང་ཚོའི་སྔོན་བྱོན་གྱི་ཡབ་མེས་མི་གཞུགས་ནའང
ཁོང་ཚོའི་སྙིང་སྟོབས་དང་སྤོབས་པ་ད་དུང་གནས་ཡོད
ཁོང་ཚོའི་སྙིང་སྟོབས་དང་སྤོབས་པའི་མི་རིགས་འདིས་དར་ཆ་མཚོན་ཡོད
ང་ཚོ་ལ་སྙིང་སྟོབས་ཀྱི་དར་ཆ་ཡོད་པའི་རང་ཉིད་ཀྱི་མི་ཚེའི་ནང་དུ་ཕམ་ཁ་ཞེས་པའི་ཡིག་འབྲི་གཉིས་གཏན་ནས་མེད
འདི་ང་ཚོ་ངོ་ཚ་མི་དགོས་ཤིང་གཞན་ལ་ངོམ་ཆོག་ཆོག་ཡིན་པའི་སྙིང་སྟོབས་ཡིན
འདི་ནི་ངག་རྒྱུན་ཁྲོད་ཀྱི་སྟོབས་འབྱོར་གཉིས་ལྡན་གྱི་གངས་ཅན་པ་དེའོ།།