ནུ་མོ་ལགས་སྐྱེས་སྐར་བསུ།

ནུ་མོ་ལགས། ཁྱེད་རང་དབྱར་གཞུང་གི་མེ་ཏོག་དང་འགྲོགས་ནས་ཐོན་དུས།

ང་ཁྱེད་ཀྱི་ཡུམ་ཆེན་ཉེ་འདབ་ཀྱི་རྩེད་ར་ན་ཡོད།

ངས་ཤེས་སོང་། ཁྱེད་རང་ངའི་མ་ལོའི་གཉོར་ཞིང་།

ངའི་མ་ལོའི་གཅེས་ཕྲུག་ཅིག་ཡིན་པ་ཤེས།

ནུ་མོ་ལགས་སྐྱེས་སྐར་བསུ། སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ།

ཐེངས་རེར་ཨ་མས་ཁྱོད་ཀྱི་བློ་རིག་ལ་བསྔགས་ཤིང་།

ཨ་མས་ཁྱོད་ཀྱི་བསམ་ཤེས་ལ་བསྟོད་པས།

ཁྱེད་རང་ངའི་ཕ་མའི་སྟོང་ཆ་བསུབ་མཁན་གྱི་བུ་མོ་ཡ་རབས་ཤིག་ཏུ་གོ

ནུ་མོ་ལགས། ངས་རྒྱང་རིང་ཞིག་ན་ཕུག་བསམ་འཚོལ་གྱིན་ཡོད་པས།

ཁྱེད་ཀྱིས་ཀྱང་བརྩོན་པ་དང་སྤོབས་སེམས་ཀྱི་དཔའ་ངར་མི་ཞུམ་པར།

རང་གི་ཕུངས་བསམ་མངོན་གྱུར་བྱེད་དགོས།

ནུ་མོ་ལགས། སྐྱེས་སྐར་བསུ། སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས།


图片发自简书App
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容