འཛམ་གླིང་ལ་ངོ་མཚར་ཆེ་བའི་མི་ཡི་ལུས་གཟུགས་ཅན་གྱི་དངོས་མང་གཤམས་སྟོན་ཁང་ཆེན་མོ།
ཡིག་སྒྱུར།/གྱི་ན་བ།
(荷兰)གྲོང་རྡལ་ཆུང་ཆུང་(乌斯吉斯特)ན། ཁྱད་མཚར་གྱི་དངོས་མང་གཤམས་སྟོན་ཁང་ཞིག་ཡོད། དེའི་ཞོག་གཅིག་ནི་ཧ་ཅང་ཆེ་བའི་མིའི་ལུས་གཟུགས་ཀྱི་གྲུབ་ཚུལ་ལྟར་ཆགས་ཡོད། ནང་དུ་མི་ཞིག་ལ་ཡོད་པའི་དབང་བོ་དང་ཆགས་ཚུལ་སོགས་ཁ་ཚང་ལྡན། དེ་རུ་ལྟ་སྐོར་ལ་སོང་ན་ཁྱད་མཚར་བའི་མིའི་ལུས་པོའི་འགྲུལ་བཞུད་ཐེངས་ཤིག་མྱོང་ཐུབ།
འདྲ་འདི་ནི་ཁྱད་མཚར་བའི་མིའི་ལུས་གཟུགས་ཀྱི་གྲུབ་ཚུལ་ལྟར་འཛུགས་པའི་ཁང་ཆེན་དེ་ཨེ་ལས་བྱེད་པས་བཟོ་ལྗོངས་རེད།
འདི་ནི་ཞོག་གཅིག་མིའི་ལུས་གཟུགས་ཅན་དངོས་མང་གཤམས་སྟོན་ཁང་ལེགས་གྲུབ་བྱུང་ཚར་བའི་འདྲ་པར་ཡིན།
འདི་ནི་མིའི་ལུས་གཟུགས་ཀྱི་གྲུབ་ཚུལ་ལྟར་བསྐྲུན་པའི་ཁང་ཆེན་ཡིན། ཡུལ་སྐོར་བ་དག་སྟབས་བདེ་བའི་ཆེད་དུ་གྲོང་ཁྱེར་གཞས་ཁུལ་གྱི་སྤྱི་ལམ་ཟུར་དུ་འཛུགས་ཡོད།
འདི་ནི་ཡུལ་སྐོར་བས་ལྟ་སྐོར་བྱེད་བཞིན་པའི་ཚུལ་རེད། ངོ་མཚར་བའི་གྲུབ་ཚུལ་དེས་ཡུལ་སྐོར་མི་སྣ་དག་ལ་ཡ་མཚན་དུ་བཅུག་ཡོད།
འདི་ནི་མིག་འབྲས་ཆེན་པོ་ཞིག་ཡིན། ལྟ་སྐོར་བ་ནི་ཕྱི་ནས་ལས་ཧ་ཅང་ཕྲ་ཞིབ་པ་ཞིག་ཡིན།
འདྲ་པར་ཁྲོད་ཀྱི་སློབ་མ་ཆུང་ཆུང་གཉིས་ཀྱིས་ཕན་ཚུན་བར་ལ་ལུས་པོའི་གྲུབ་ཚུལ་དག་ཧ་ལས་ནས་བགྲོ་གླེང་བྱེད་གི་ཡོད།
སོ་ཆེན་པོ་དག་གི་ཁྲོད་ན་སྲིན་གྱིས་ཟོས་པའི་སོ་གཅིག་ཡོད་པ་ནི་འཛུགས་པ་པོས་ཐབས་འདི་འདྲ་ཞིག་བཀོལ་ནས་སོ་ལ་སྲུང་སྐྱོབ་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་པ་བརྗོད་ཡོད།
མིའི་ལུས་གཟུགས་ཀྱི་གྲུབ་ཚུལ་ལྟར་ཆགས་པའི་ཁང་ཆེན་དེའི་ནང་དུ་5Dགློག་བརྙན་ཁང་ཞིག་ཡོད། ལྟ་སྐོར་བ་དག་ཙོག་པོར་བསྡད་ནས་གསལ་ཚད་མཐོ་བའི་གློག་བརྙན་ལ་བལྟ་ཐུབ།
ད་རུང་ཆེད་ལས་རང་བཞིན་གྱི་མིའི་ལུས་གཟུགས་གྲུབ་ཚུལ་འཛུབ་སྟོན་བྱེད་མཁན་ཡོད། མ་ཟད་དབང་བོ་དང་གཐུབ་ཚུལ་སོགས་གསལ་བོར་རྒྱས་བཤད་རྒྱག་མཁན་གྱི་མི་སྣ་ཡོད། དེ་ནི་ངོ་མ་སློབ་སྦྱོང་བྱེད་གནས་ཤིག་རེད།