ཕེབས་ཨང་། ། - 草稿

                ཕེབས་ཨང།།

༄༅།། མུན་བསེལ་སྒྲེན་མེ་ཆུ་ལྷར་འཕོས།།

ཀུ་མུད་གཉེན་ལ་ཟླ་འཛིན་འཆང་།།

གཤིན་རྗེའི་མགྲོན་ལ་འབོད་པའི་ཚེ།།

ང་གསོན་དགོས་པའི་སྨྲེ་ངག་ཡང་།

ཡིད་དེ་ལུས་ངག་གཉིས་དང་འཕྲལ།།

ཕེབས་ཤིག་ཕེབས་ཤིག་དམ་པ་ལགས།།

མ་འཇིག་ཁྱེད་དང་ལྷན་དུ་ནི།།

སྐྱེལ་མ་དྲིལ་བུའི་དབྱངས་དང་གཅིག།

ལམ་སྟོན་ཆོས་མེའི་འོད་དང་གཉིས།།

འགྲོ་གྲོགས་རྔ་ཡི་སྒྲ་དང་གསུམ།།

ཕྱི་འདྲེན་བླ་མའི་གསུངས་དང་བཞི།།

བསུ་བ་སྤུན་གྱི་སྨོན་དང་ལྔ།།

མ་ལུས་ཁྱེད་དང་མཉམ་དུ་ཡོད།།

སྐྱོ་བའི་མཆི་མ་མ་ལྷུང་བར།།

ཕེབས་ཤིག་ཕེབས་ཤིག་དམ་པ་ལགས།།

ཕྱི་མར་མཇལ་བའི་སྨོན་ལམ་ཡོད།།


སམ་ཡུལ་ཐུབསྟན་ཚེ་རིང་ནས།།

༢༠༡༨་༢་༨

图片发自简书App
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容