
མི་ཚེའི་དབྱངས་རྟ།
ཞོགས་མེ།
ཁ་མཚར་དབྱངས་ཀྱི་ཁ་ཆུ།།
དངུལ་གྱི་ལྗགས་ལས་ཐོར་སོང་།།
དངུལ་སྐུད་དབྱངས་ཀྱི་དྲིལ་ཆུང་།།
དད་པའི་རྣ་བར་ལྷུང་སོང་།།
དབྱངས་ལ་བྱིན་རླབས་ཡོད་མེད།།
དབྱངས་ཅན་ལྷ་མོས་གསུང་ཡོང་།།
ང་ཡང་ནམ་མཁའི་སྐར་མ།།
མེ་ཏོག་པདྨའི་རྣ་རྒྱན།།
ཁྱོད་ཞལ་ཟླ་བ་དཀར་པོ།།
འཁྲི་ཤིང་ཡལ་གའི་ཞྭ་མོ།།
ལོ་ཟླ་བཞུར་བའི་མཚམས་ནས།།
ལང་ཚོའི་ཞབས་རྗེས་བཤད་ཡོང་།།
2021.10.22