༄༅།།
ཕུན་ཚོགས་སྡེ་བཞི་བཀྲ༵་བའི་དགའ་སྟོན་གྱི་དུས་འདིར།།
འཇིག་རྟེན་ཤི༵ས་པའི་དཔལ་གྱི་ཕྱྭ་གཡང་ཀུན་བསྡུས་ཏེ།།
བདེ་སྐྱིད་དགའ་བདེའི་མི་ཚེ༵་ཉི་ཟླ་བཞིན་རྒྱས་ནས།།
ཁ་དགེ་རླུང་རྟ་ཡུན་རི༵ང་རྟག་བརྟན་དུ་དར་ཤོག།
ཁ་གཡང་བཀྲ༵་ཤི༵ས་བརྗོད་པའི་མཐར་ཐུག་གི་དམིགས་ཡུལ།།
བཟའ་ཚང་ཚེ༵་རི༵ང་ནད་མེད་བདེ་སྐྱིད་ཀུན་དར་ཞིང་།།
རྒྱལ་ཡུམ་སྒྲོ༵ལ་མ༵ས་རྣམ་ཀུན་མིག་འབྲས་བཞིན་བསྐྱངས་ཏེ།།
ལྷ་དང་ལྷ༵་མོ༵འི་སྤྲོ་དགའ་འཛད་མེད་དུ་སྨོན་ནོ།།
ཞེས་བོད་རབ་བྱུང་བཅུ་བདུན་ས་མོ་ཁྱིའི་ས་ག་ཟླ་བའི་དམར་ཕྱོགས་བཟང་བ་གཉིས་༼༢༠༡༨.༦.༥༽ཀྱི་སྲོད་དུས་སུ་སྐྱེས་མིང་ཆོས་བཞིན་དུ་འབོད་པ་དེས་ཏྲེ་ཧོར་རྒྱལ་སའི་མདུན་ཐང་དུ་གཉེན་སྟོན་ལ་ཁ་གཡང་གི་ཚུལ་དུ་བསྐུར་བའོ།། བཀྲ་ཤིས་པར་གྱུར་ཅིག