གྲྭ་ཇོ་མཐུན་པོ་བྱུང་བའི་གཏམ་རྒྱུད།

爱在春天

                        འབར། 

ཇག་པ་ཞོལ་ལ་བབས་པའི་མཚན་མོ་དེ་ནས། །

རྟ་ཕོ་རི་ལ་བྲོས་པའི་གཏམ་རྒྱུད་བྱུང་མྱོང་། །

མྱི་སེམས་རྒོད་ལ་ཤོར་བའི་དུས་རབས་དེ་ནས། །

སྐྱེས་ཆེན་རི་ལ་ཕེབས་པའི་རྣམ་ཐར་ཡོད་མྱོང་། །


དྲེད་ཀྱིས་འཕྱི་བ་བཟུང་བའི་བར་སྐབས་དེ་ནས། །

དཔོན་ལ་མཇུག་མ་ཡོད་པའི་དོགས་པ་ཤོར་མྱོང་། །

མེད་པོ་དབུལ་ལས་ཐར་བའི་ལོ་ཟླ་དེ་ནས། །

མེད་མུག་མ་ཎི་ཟློ་བའི་ཕྱུག་པོ་ཡོད་མྱོང་། །


གྲུབ་མཐའ་གྲོང་ནས་བརྩད་པའི་དུས་ངན་དེ་ནས།།

མག་པ་གཟན་ཤམ་ཅན་གྱིས་སྡེ་ཆེན་དཀྲུགས་མྱོང་།།

ཤེས་མེད་དཔོན་ལ་ཤོར་བའི་བར་སྐབས་དེ་ནས།།

ཕུ་ནུའི་མཛའ་བརྩེ་བཙོངས་པའི་སྐྱོ་གར་འཁྲབ་མྱོང་།།


ར་བ་ཅན་པོས་འདུ་ཁང་བཀང་ཉིན་དེ་ནས།།

མ་ཎི་འཁོར་ཁང་བར་ནས་ཆགས་སྐད་བསྒྲགས་མྱོང་།།

ཁྱིམ་པ་གསེར་གྱི་ཁྲི་ལ་བསྡད་ཉིན་དེ་ནས།།

གྲུབ་མཐས་གཉེན་འབྲེལ་སྙེགས་པའི་སྲོལ་དེ་དར་མྱོང་།།


དགོན་པ་དབེན་པའི་གནས་སུ་འཇིག་ཉིན་དེ་ནས།།

འདུ་ཁང་བྱ་རྟུག་འདྲ་རེ་གྲོང་མཐར་བསླང་མྱོང་།།

རི་ཁྲོད་བྲམ་ཟེ་གྲོང་མཐར་ལྷུང་ཉིན་དེ་ནས། །

གྲྭ་ཇོ་མཐུན་པོ་བྱུང་བའི་གཏམ་རྒྱུད་ཡོད་མྱོང་།།


བྱ་རྒྱལ་ཁྱུང་ཆེན་མཁའ་ལམ་སྙེགས་པའི་ཤུལ་དུ།།

ཆོལ་གསུམ་བྱ་ཁྱུའི་ཚང་ལ་འཇིགས་པ་འཁོར་མྱོང་། །

ཤཀྱའི་བུ་ལོ་ས་མཐར་སྤྱུགས་ཉིན་དེ་ནས། །

བོད་ལ་རྒྱང་འཕེན་པ་ཡི་བསྟན་པ་དར་མྱོང་། །



2018-3-10ཉིན།

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

友情链接更多精彩内容