
ཇཇཇཇཇཇཇཇཀཚེ་སྐྱིད། བྱིས་དུས་ཀྱི་དྭངས་གཙང་གི་རྨི་ལམ་འཕྲོག་མཁན་ཁྱོད་དེ་རིང་གཞི་ནས་རྙེད་བྱུང་། རེད་ཏེ། ཁྱོད་ནི་འཇིག་རྟེན་གཞན་ཞིག་ལ་ཆས་ཟིན། འཁོར་བ་ཡི་ཨ་མར་ཆགས་ཟིན། སྔོན་མའི་ལས་འཕྲོ་འདི་བསམ་ན་ངའི་ཁྱོད་ལ་མ་ཤི་གསོན་བྲལ་གྱི་ལས་འདི་མི་བགྱི་པར་ལྷ་བླ་མར་སྐྱབས་འཇུག་ཞུས་ནས་མི་ཚེའི་སྒྲུང་རིང་འདི་ཁྱོད་ལ་འབྲི་འདོད་ཡོད། བགྲེང་བྱ་དུ་མར་བོར་སོང་བའི་ཤ་གསེང་གི་ཁྲག རུས་གསེང་གི་རྐང་། ཁྱོད་རང་ས་གང་ལ་སོང་རུང་། གནས་གང་ནས་བསྡད་ཀྱང་། འཚོ་བར་བདེ་སྐྱིད་ལྡན་དགོས།