笔记

མར་རྔོག་དབྱར་ཆོས་ཉན་པའི་ཟིན་བྲིས།




༡༽

སིན་རྡུའི་ཆུ་བརྒྱུད་ཀྱི་དུས་རབས།

གནའ་བོའི་རྒྱ་གར་ལྷོ་བྱང་གི་རིག་གནས། 

ཨརྱན་མི་རིགས་ཀྱི་བྱུང་འཕེལ། 

རྒྱ་གར་ལ་མིའི་རིགས་ག་དུས་བྱུང་བ།    བཙད་འཚོལ་བྱུང་བའི་གནའ་མིའི་རྐང་རྗེས་ལྟར་ན་ཧ་ལམ་སྤྱི་ལོའི་སྔོན་གྱི་འབུམ་བཞི་ནས་གཅིག་བར་གྱི་དུས་ཡུན་ནང་རྡོ་ཆས་རྙིང་མའི་དུས་རབས་སུ་འབྱུང་བར་བཤད།

དེ་ནི་ཆུ་བོ་སིན་རྡུའི་བྱང་ཕྱོགས་ཀྱི་གདོད་མའི་རིག་གནས་ཀྱི་གྲལ་དང་།    རྡོ་ཆས་བར་མའི་ཡོད་བྱད་ནི་སྤྱི་ལོ་སྔོན་གྱི་ལོ་ཁྲི་བཞི་ནས་སྟོང་བར།    རྡོ་ཆས་གསར་མའི་དུས་རབས་ནི་སྤྱི་ལོའི་སྔོན་གྱི་ལོ་སྟོང་ལྔ་ཕན་ཆད་ནས་དར་བ་འདོད།    རྡོ་ཆས་གསར་རྙིང་བར་གསུམ་གྱི་གནའ་རྫས་གང་མང་ཞིག་རྩད་གཅོད་བྱུང་བའི་གནས་རྫས་གཏུག་བཤེར་རིག་པ་བརྒྱུད་ནས་འདི་དག་ཕལ་ཆེལ་དང་ཧ་ལམ་གྱི་ཚོད་དཔག་ཐུབ་ཀྱིན་ཡོད།      རྡོ་ཆས་གསར་མའི་དུས་རབས་ཀྱི་མཇུག་གམ་ཡང་ན་རྡོ་ཆས་གསར་མའི་རིག་གནས་འཕེལ་རྒྱས་སུ་སོང་བས་ཞིང་ལས་ཐོན་བསྐྱེད་འགོ་བཙུགས་པ་རེད།  དེ་ནས་ལོ་མང་པོ་སོང་བས་ཟང་གི་ཡོད་བྱད་དུས་རབས།  རྡོ་ཟངས་གཉིས་ཀྱི་དུས་རབས་ཞེས་ཀྱང་ཟེར།  ཟངས་ཀྱི་ཡོད་བྱད་དར་བ་ནས་བཟུང་ཡུལ་དེའི་འགྲོ་བ་མིའི་རིགས་ལ་ཤེས་ཡོན་དར་བའི་ལེའུ་གསར་པ་བྱུང་བ་རེད། 

  སིན་རྡུའི་ཆུ་རྒྱུད་ཀྱི་ཤེས་རིག་སྔ་ཕྱི་རིམ་པར་དར་བ་ནས་བཟུང་།  རྒྱ་གར་ལ་འཚོ་གནས་ཀྱི་ལས་རིགས་འཕེལ་རྒྱས་བྱུང་།  སིན་རྡུའི་གཙང་པོ་ནི་གནའ་བོའི་རིགས་གནས་དང་འབྲེལ་བ་ཆེ་ཞིང་ཕྱི་འགྲུལ་ལམ་འགག།  ཞིང་ལས་གྱི་ཐོན་བསྐྱེད་སོགས་ཧ་ཅང་ཡག  ཆུ་བོ་གངྒའི་རིང་ཚད་ལ་སྤྱི་ལེ་སུམ་སྟོང་ཙམ་དང་ཆུ་འགོ་ནི་ཧེ་མ་ལ་ཡ་དང་དེའི་རི་རྒྱུད།  རྒྱ་གར་ནས་ཆེས་ཆེ་བའི་ཆུ་བོ་ཞིག་ཡིན།      སིན་རྡུའི་ཤེས་རིག་ནུབ་ནས་ལོ་བཞིི་བརྒྱ་ཡས་མན་འདས་རྗེས་ཕྱི་ལོག་གི་ཨར་ཡན་མི་རྒྱ་གར་ལ་སླེབས།  ཡོང་ཁུང་ནི་ཨེ་ཤ་ཡའི་དབུས།    ཨརྱ་ཡང་ཟེར།        ལྡི་ལི་ནི་གང་གཱ་དང་སིན་དྷུ་གཉིས་འདྲེས་མཚམས་ཤིག་དང་ས་བབ་མཐོ་བས་རྒྱལ་རབས་རྣམས་ཀྱི་དམག་ས་ཡག་ཤོས་ཤིག་ཡིན་པ།    དུས་རབས་བཅུ་གསུམ་པ་ནས་བཟུང་རྒྱལ་ས་བྱེད་མྱོང་ལ་ས་ཆ་དེའི་རྒྱལ་པོས་ཆུ་བོ་གངྒ་དང་ཆུ་བོ་སིན་དུའི་ཆུ་རྒྱུད་གཉིས་པོའི་ཆུ་རྒྱུད་ཐམས་ཅད་དབང་དུ་བསྒྱུར། 


༢༽    རིག་བྱེད་ཀྱི་དུས་རབས། 

རིག་བྱེད་སྔ་མའི་དུས་རབས།  སྤྱི་ལོའི་སྔོན་དུས་རབས་བཅོ་ལྔ་དང་བཅུ་གཅིག་བར།    ཡི་གེ་མེད་ཀྱང་ངག་ཐོག་ནས་རྒྱུད་ཡོང་བ་རེད།  དེའི་སྐབས་ཀྱི་རིག་བྱེད་ནི་ངེས་བརྗོད་རིག་བྱེད་ཡིན། 

རིག་བྱེད་ཕྱི་མའི་དུས་རབས།  སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཅིག་ནས་དྲུག་པའི་བར།  རིག་བྱེད་ཕྱི་མ་གསུམ་གྱི་སྐབས་ཡིན།    ཡིག་ཐོག་ཏུ་ཕྱོགས་བསྡུས་བྱས་ནས་བཀོད་པ།  རིག་བྱེད་སྔ་ཕྱི་གཉིས་ནི་ཡི་གེ་ཡོད་མེད་ཀྱིས་ཕྱེ་བ་ཡིན། 

རིག་བྱེད་ཤེས་རིག་གི་འབྱུང་ཁུང་ནི་རྒྱ་གར་ཨར་ཡན་གྱི་མི། 

རིག་བྱེད་ཐོག་མར་དར་དུས་ཡིག་གེ་ཟེར་བ་ཞིག་མེད་ཀྱང་ཕ་མེས་ཀྱི་སྐད་ཡོད།    རིག་བྱད་ཀྱི་སྐད་དེ་ཡར་རྒྱས་སུ་སོང་ནས་སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་དང་ལྔ་པའི་སྐབས་སུ་ལེགས་སྦྱར་གྱི་སྐད་དེ་དར་བ་རེད། 

ངེས་བརྗོད་ཀྱི་རིག་བྱེད།    ནི་རིག་བྱེད་བཞི་ཡི་སྔ་ཤོས་དང་རྩ་བ་ལྟ་བུ།  སྤྱི་ལོ་སྔོན་གྱི་དུས་རབས་བཅོ་ལྔ་ནས་བཅུ་པའི་བར།    བརྗོད་བྱ་གཙོ་བོ་ལྷ་ལ་བསྟོད་པ་འབུལ་བའི་གླུ་སྟོང་ཕྲག་ལྷག    ཤོ་ལོ་ཀ་ཁྲི་ལྷག    ཐམས་ཅད་ངག་ཐོག་ནས་བློ་འཛིན་ཚུལ་གྱིས་ཁ་བཏོན་བྱས་ནས་སྒྲ་དག་ལ་གསལ་བའི་སྒོ་ནས་ལོ་ལྔ་བརྒྱའི་རིང་བརྒྱུད་ཡོང་བ།    ངེས་བརྗོད་ཀྱི་རིག་བྱེད་སྐབས་སུ་དྲང་སྲོང་བྱུང་།  རྩོམ་པ་པོ་གྲགས་སྲོལ་ལྟར་ན་དྲང་སྲོང་བདུན་ཟེར་བ་ཡོད།  འབྱུང་བ་དང་རང་བྱུང་ཁམས་ཀྱི་སྐྱེ་དངོས་གང་རུང་ལ་ལྷ་རུ་བརྩི་ཞིང་དེ་དག་ལ་དད་པ་ལ་བརྩི་མཐོང་བྱེད་ཀྱིན་ཡོད།      ལྷ་རབས་རིག་པ་ཇི་སྙེད་ཅིག་ཡོད་པ་ལས་རིག་བྱེད་ཀྱི་ལྷ་རབས་ནི་ད་ལྟ་གསོན་པོར་འཚོ་ཡོད་དེ་རིག་བྱེད་ལས་བཤད་པའི་ལྷ་མང་པོ་ཞིག་ལ་ད་ལྟའང་དད་མོས་དང་མཆོད་འབུལ་བྱེད་མཁན་ཤིན་ཏུ་མང་།  དེ་མིན་གྷི་རི་སི་ལྷ་རབས་དང་གནའ་བོའི་རོམ་གྱི་ལྷ་རབས་དག་ནི་ལོ་རྒྱུས་ཤིག་ཏུ་གྱུར་ཟིན་པ་ལས་ད་ལྟ་རྒྱུད་འཛིན་བྱེད་མཁན་མེད།

ནམ་མཁའི་ལྷ་བཞི།    ?  ཝ་རུ་ཎ།  ཁྱབ་མཇུག    ལྷ་མོ་དབུ་མ།

བར་སྣང་ལྷ་གསུམ།    ལྷ་དབང་བརྒྱ་བྱིན།    རླུང་ལྷ།    དབང་ཕྱུག

ས་གཞི་ལྷ་གསུམ།    མེ་ལྷ།    སྲོད་མ།    ས་ཡི་ལྷ་མོ། 

གནམ་ས་བར་སྣང་ལས་གཞན་པའི་ལྷ།    གཤིན་རྗེ།  དབྱངས་ཅན་མ།  རྟོག་བཏགས་སམ་སྨོན་ལམ་གྱི་ལྷ། 

བདུད་ལ་རིགས་གསུམ།    ལྷ་མ་ཡིན།  སྲིན་པོ།  ཤ་ཟ། 


རིག་བྱེད་ཕྱི་མའི་སྐབས་སུ་ཡིག་གེ་དར་བ། 

མཆོད་སྦྱིན་གྱི་རིག་བྱེེད།      མཆོད་སྦྱིན་གྱི་རིག་བྱེད་ནི་གཙང་སྦྲ་ཅན་གྱི་བྲམ་ཟེ་ཡི་བྱེད་དགོས་པས་བྲམ་ཟེ་ནི་རིགས་ཀྱི་མཆོག་དང་ཆེད་ལས་ཡོད་པར་གྱུར་ནས་རིགས་མཐོ་དམན་གཉིས་སུ་ཕྱེས།  མཆོད་སྦྱིན་གྱི་རིག་བྱེད་སྐབས་བྲམ་ཟེ་དར། 

སྙན་ཚིག་རིག་བྱེད།    ནི་ངེས་བརྗོད་རིག་བྱེད་སྣ་ཚོགས་པ་ངག་ཐོག་ཏུ་ཡོད་པ་རྣམས་ཕྱོགས་བསྡུས་ཅན་ཞིག་ཡིན། 

སྲིད་སྲུང་རིག་བྱེད།    ནི་ནད་གདོན་དང་སྦྲུལ་སྲིན།  མེ་ཆུ་ལམ་འཕྲང་དང་གཅན་གཟན་འཇིགས་པ་ལ་སྐྱོབས་པའི་ཆོ་ག་གཅིག   

རིག་བྱེད་ནི་བྲམ་ཟེའི་རིག་གཞུང་སྔ་ཤོས་ཡིན།


རིགས་བཞི་ཡང་བྱུང་།    ཨར་ཡན་ནི་རྒྱལ་རིགས་དང་བྲམ་ཟེ་བློན་པོ་དང་དམག་བཅས།      ཞིང་ལས་དང་ཚོང་ལས་ནི་རྗེའུ་རིགས།     

བྲན་གཡོ་དང་ཤན་པ་བཅས་ལ་རྡོལ་པའི་རིགས། 

ཉེ་གནས་ཀྱི་གཞུང་།      བྲམ་ཟེ་རྣམས་མཆོད་སྦྱིན་དང་ཆོ་ག་སྣ་ཚོགས་ཀྱི་མགོ་འཁོར་ནས་རིག་བྱེད་ཀྱི་གཞུང་ལ་གོ་བ་གཏིང་ཟབ་དང་ལྟ་བ་གསར་པ་གང་ཡང་མ་བྱུང་།  ཕྱིས་སུ་རྒྱལ་རིགས་རྣམས་ཀྱི་རིག་བྱེད་ལ་གོ་བ་སྣ་ཚོགས་དང་དོག་སློང་དགག་སྒྲུབ་ཅི་རིག་བྱས་ནས་རྒྱ་གར་ལ་ལྟ་གྲུབ་སྣ་ཚོགས་འབྱུང་བའི་འགོ་བཙུགས།   

སྙན་ངག་གི་གཞུང་ཆེན་མོ་གཉིས།

མ་ཧ་རྦ་ར་དྷ།        སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ནས་བཟུང་ལོ་བརྒྱད་བརྒྱའི་རིང་།  དང་པོ་ངག་ཐོག་དེ་ནས་ཡིག་ཐོག    ཤོ་ལོ་ཀ་ཁྲི་བདུན་དང་བཞི་སྟོང་ལྷག

བརྗོད་དོན།  སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གསུམ་པའི་ནང་གི་དམག་འཐབ།

«དཔལ་ལེགས་ལྡན་ནག་པོའི་གླུ།»  དགེ་ཆོས་ཀྱིས་བསྒྱུར་ཞིང་མ་ཧ་རྦ་ར་དྷའི་དུམ་བུ་ཞིག་གོ། 

ར་མ་ནའི་རྟོག་བརྗོད།    ཤོ་ལོ་ཀ་ཁྲི་གཉིས་དང་བཞི་སྟོང་། 

སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གཅིག་པའི་ནང་གི་དམག་འཁྲུག་མཚོན། 

རིགས་ཀྱི་སྐོར།  རིགས་ནི་རྒྱ་གར་གྱི་སྤྱི་ཚོགས་ཀྱི་སྒྲོམ་གཞི་ལྟ་བུ་དང་མི་སྒེར་གྱི་ལས་གནས་དང་འཚོ་བའི་ལམ་ལུགས་བཅས་ཀྱི་རྨང་གཞི་ཡིན།  དེ་ཡང་ལས་གནས་ཀྱི་དབང་གིས་རིགས་བཞི་འབྱུང་།   

བྲམ་ཟེ།    མཆོད་སྦྱིན་དང་ཆོས་ལུགས་ཀྱི་དབང་ཆ་ཡོད་པ།  ལྷ་དང་མི་གཉིས་བར་གྱི་འབྲེལ་མཐུད་བྱེད་མཁན།

རྒྱལ་རིགས།  རྒྱལ་པོ་དང་དམག་མི།  རྒྱབ་ཁབ་དང་མི་དམངས་སྲུང་སྐྱོབ་མཁན།

རྗེའུ་རིགས།  བཟོ་ཚོང་ཞིང་གསུམ་གྱི་ལས་ཀ་གཉེར་མཁན།

དམངས་རིགས།    རིགས་སྔ་མ་གསུམ་ནི་ཨར་ཡན་གྱི་མི་ཡིན་ལ་དེ་གསུམ་ལ་གཡོག་རྒྱག་མཁན་གྱི་རྒྱ་གར་གདོད་མའི་མི།    ཨར་ཡན་ནི་ཨེ་ཤ་ཡའི་དབུས་ནས་ཚོ་ཚོ་བྱས་ཏེ་ལོ་བརྒྱ་ཕྲག་རིང་གནས་སྤོ་བྱས་པའི་མི།  སི་དྷུའི་ཤེས་རིགས་མ་དར་གོང་ནས་ཡོང་། 

༣༽  ལྟ་གྲུབ་དར་སྤེལ་བྱུང་བའི་སྐབས།

ཨར་ཡན་གྱི་མི་རྣམས་ཆུ་རྒྱག་གར་བྱང་ཕྱོགས་ནས་རིམ་བཞིན་བོ་སིན་དྷུ་དང་གངྒ་གཉིས་ཀྱི་བརྒྱུད་བཟུང་བ་མ་ཟད་རིམ་བཞིན་ཁྱབ་རྒྱ་ཇེ་ཆེ་རུ་ཕྱིན།  ཡུལ་མངྒ་དྷ་རུ་སྲིད་འབྱོར་རིགས་གསུམ་གྱི་ལྟེ་བར་གྱུར།  ཆུ་བོ་གངྒའི་ཆུ་སྨད་དང་རྒྱ་གར་གྱི་ཤར་ཕྱོགས།    ལྟ་གྲུབ་སྣ་ཚོགས་ཀྱི་འབྱུང་ཁུང་།    སྟོན་པ་ཡུན་རིང་བཞུགས་ས།  བཀའ་བསྡུ་མཛད་ས་བཅས་ཡིན།    རྟོག་གེའི་སྡེ་དྲུག་དང་ཆོས་ལུགས་གཉིས།    ཆོས་ལུགས་གཉིས་ནི་གཅེར་བུ་བ་དང་ནང་པ་སངས་རྒྱས་པ་གཉིས།    འདི་གཉིས་ནི་རིག་བྱེད་ཀྱི་ལྟ་གྲུབ་སྣ་ཚོགས་དར་ཟིན་པའི་འོག་ནས་བྱུང་བའི་ལྟ་གྲུབ་ཆ་ཚང་ཞིང་ལམ་ལུགས་གསར་པ་གཉིས་ཡིན་ལ།  རིག་བྱེད་སོགས་ཁས་མི་ལེན། 

གནའ་བོའི་རིག་གནས་ཕལ་ཆེར་ནི་ཆོས་ལུགས་ལ་བརྟེན་ཅིང་ཡོང་བ་ཡིན།  དཔེར་ན་སྐར་རྩིས་ནི།  མཆོད་སྦྱིན་ག་དུས་འབུལ་མིན་གྱི་དུས་ཚོད་ལྟ་བའི་ཁྱད་དུ་ཡོང་བ་ཡིན།  དེ་དང་དེ་བཞིན་རིག་གནས་གང་མང་ཞིག་ཆོས་ལུགས་དང་འབྲེལ་ནས་ཡོང་བ་ཡིན། 

གྲངས་ཅན་པ།      གྲངས་ཅན་པའི་སློབ་དཔོན་དང་སྟོན་པ་སངས་རྒྱས།  རྒྱ་ནག་ཁུང་ཙི་བཅས་ལྟ་གྲུབ་སྣ་ཚོགས་དར་བའི་དུས་རབས།  སྤྱི་ལོ་སྔོན་གྱི་དུས་རབ་གཉིས་པ་གསུམ་པ་ཡན་མན། 

རྟོག་གེའི་སྡེ་དྲུག        ལྟ་བ་མི་འདྲ་བ་དགུ་བཅུ་རྩ་དགུ།

རྒྱལ་བ་པ།      ནང་ཆོས་དང་ཐག་ཉེ་བའི་མུ་སྟེགས་པ།

མུ་སྟེགས་སྟོན་པ་སྡེ་དྲུག་ནི་སྟོན་པ་དང་དུས་མཉམ། 

༤༽ ནང་ཆོས་ཀྱི་དུས་རབས།

ཤཀྱའི་རིགས། 

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容