2021-11-01

རྟ་མཆོག་ཅིག་གླེང་བ།

                ཞོགས་མེ།

མུན་པའི་མཆེ་བར་ལྡད་པ་ཡི།།

ཁ་བའི་རྡུལ་གྱི་དཔུང་དམག་ལ།།

ཉི་འོད་རྣོན་པོའི་རལ་གྲི་ལས།།

སྲོག་གི་སྙིང་རྩ་མི་ཆོད་ཅིང་།།

ཤ་ཁྲག་རྒོད་ཀྱིས་མ་བཞེས་བར།།

རུས་ཆ་ས་ལ་མི་ཐིམ་པས།།

རྡར་མའི་རག་དུང་འབུད་པ་ཡིས།།

དཔའ་སྙིང་ཞུམ་པའི་དཔེ་མི་སྲིད།།


གང་ཚེ་གངས་ཀྱི་རྣ་ཆ་དེ།།

ཉི་ཟླའི་སྒ་སྲབ་མ་ལྷུང་བར།།

རླུང་དང་འགྲོགས་པའི་མེས་པོ་ཚོའི།།

ཁ་བའི་རླུང་རྟ་དགུང་ལ་འཕྱོ།།

                      2021.11.1

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

友情链接更多精彩内容