༼བུད་མེད་འཕྲོད་བསྟེན་ཤེས་བྱ་སྐོར་གྱི་བརྡ་སྦྱོར།༽

        བདེ་ཐང་ནི་འགྲོ་བ་མིའི་འཕེལ་རྒྱས་ཀྱི་གཞི་རྩ་ཡིན་ལ། མི་རིགས་ཤིག་གི་མ་འོངས་བའི་མདུན་ལྗོངས་ཀྱང་ཡིན། དེ་བས་ཀྱང་བུད་མེད་གནམ་གྱི་ཕྱེད་ཀ་ཡིན་ཟེར་བ་བཞིན་ཁྱིམ་ཚང་ཞིག་ལ་མཚོན་ནའང་བུད་མེད་ཀྱི་བདེ་ཐང་ནི་ཁྱིམ་ཚང་དེའི་བདེ་སྐྱིད་དང་དྲོད་ཁོལ་གྱི་གཞི་མ་ཡིན་ཕྱིར། བུད་མེད་ཀྱི་བདེ་ཐང་ནི་གལ་ཆེན་ནང་གི་འགངས་ཆེན་དང་འོ་མའི་ནང་གི་མར་ལོ་ཡིན།

        དེར་དམིགས་ནས་ཐེངས་འདིར་ངེད་རེ་བའི་ཚོ་ཆུང་གིས་ཆེད་དུ་རང་སྡེ་བའི་བུད་མེད་རྣམས་ཀྱི་འཕྲོད་བསྟེན་ཤེས་བྱ་མཐོར་འདེགས་གཏོང་ཕྱིར། ཞིང་ཆེན་རིམ་པའི་ཆེད་མཁས་སྨན་པ་བོད་གཞུག་སྐྱིད་ལགས་ཆེད་དུ་རང་སྡེ་བར་གདན་འདྲེན་བྱས་ཏེ། བུད་མེད་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་གཙང་སྦྲ་དང་འགོས་ནད་སྔོན་འགོག་སོགས་འཕྲོད་བསྟེན་ཤེས་བྱ་ཁྱབ་སྒྲོག་བྱ་རྒྱུ་ཡིན་པས། རྒྱ་ཆེ་བའི་ཡུལ་མི་སྤུན་ཟླ་རྣམས་དུས་ལྟར་ཕེབས་པར་དགའ་བསུ་ཞུ།

    གདན་ཞུའི་སྨན་པ། བོད་གཞུག་སྐྱིད།

    དུས་ཚོད། 2018ལོའི་ཟླ་8པའི་ཚེས་5 སྔ་དྲོའི་ཆུ་ ཚོད་10:30

  ས་གནས། མགོ་མང་མཐུན་པ་སྤུན་བཞི་ཚང་།

  འབྲེལ་གཏུག་ཁ་པར། 13209740870 / 18797314817

图片发自简书App


©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

友情链接更多精彩内容