2022-10-16


སྤྲིན་བྲལ་གྱི་ནམ་མཁའ་གཡའ་དག་གམ།  དེ་བཞིན་དུ། ངའི་སེམས་པའང་དྭངས་ཤིང་གཙང་། མཁྱེན་ནམ། ང་ནི་ནམ་མཁའ་དང་དབྱེར་མ་མཆིས།

མཚན་མོ་རེ་རེར་ངས་ཁྱོད་ལ་སྐར་ཚོགས་འདི་དག་གིས་དབུ་རྒྱན་དང་སྐེ་རྒྱན། ཐོད་རྒྱན། རྣ་རྒྱན། གདུ་བུ། དུང་རལ་སོགས་བརྒྱུས་པར་མ་ཟད། ཁྱོད་ལ་ཤིན་ཏུ་མཛེས་པའི"ལྟག་འཛར་སྤ་ཕྲུག"ཅིག་ཀྱང་བཟོས་ཡོད།  ཨ་ཨ། ང་ནི་ཇི་འདྲའི་གླེན་པ་ལ།  ངའི་ལྷད་མེད་དྭངས་གཙང་གི་སེམས་པ་འདི་ཁྱོད་ལ་མཚོན་ན་དེ་འདྲའི་གལ་ཆེན་ཞིག་ཡིན་དགོས་དོན་མེད།

གསེར་མདོག་གི་ཉི་མ།  ལྷོ་བགྲོད་ཀྱི་སྤྲིན་དཀར། བསིལ་འཇམ་གྱི་རླུང་བུ། འཇའ་འོད་ཀྱི་གུར་ཁང་། འདབ་དྲུག་གི་ཁ་བ། སྦྲང་ཆར་གྱི་ཟེགས་མ། མདོར་ན་མཁའ་དབྱིངས་ལས་བྱུང་བའི་བྱ་དངོས་ཀྱི་མཛེས་པ་མཐའ་དག་ངའི་སེམས་པ་འདིས་ཁྱོད་ལ་བསྐྲུན་པའི་རང་དབང་གི་འཇིག་རྟེན་ཡིན།

སྙིང་ཉེ་བ་ལགས། ཤིན་ཏུ་གྲང་བའི་དགུན་གཞུང་ཞིག  ངའི་སེམས་པ་རྙི་རུ་ཤོར་ཞིང་། དྲན་པ་ཕྱི་རུ་འཁྱམས།  སྣང་བའང་མ་ངེས་ལྡོམ་པོ་རུ་གྱུར། དེ་ནི་འདུ་བྲལ་ལས་བྱུང་བའི་ཆོས་ཉིད་ཅིག་གམ་རྟེན་འབྲེལ་གྱིས་དཔྱོད་པའི་གནས་ལུགས་ཤིག་མ་ཡིན་པར། རང་ག་བའི་འཁྲུལ་བ་ཙམ་དང་། སྐྱོ་སྣང་ཙམ། གླེན་འདང་ཙམ་བརྒྱབ་པར་ཤེས་མོད། ཁྱོད་རང་དྲན་ཐེངས་རེར་ངས་ཁེར་རྐྱང་གི་ན་ཟུག་མི་མྱོང་ཁ་མེད་རེད།

ད་ནི་ང་ཡང་འགྱུར་ཟིན། ནམ་མཁའ་ཆེན་མོ་འདིས་ང་རང་བསྒྱུར་བ་ཡིན།  ངས་སྤྲིན་བྲལ་གྱི་ནམ་མཁའ་འདི་ཡང་ཡང་བསྒོམས་མཐར། ང་ཡང་ནམ་མཁའ་འདི་དང་དབྱིངས་གཅིག་ཏུ་འདྲེས་པར་མ་ཟད། འཇིག་རྟེན་གྲངས་མེད་པའི་ཁམས་འདིའི་བདག་པོ་རུ་གྱུར།  དེ་བས།  ང་ལ་གྲོགས་པོ་དང་སྙིང་ཉེ་མེད་ཀྱང་། ང་ལ་འདུ་བྲལ་གྱི་ན་ཟུག་ལྷག་ཙམ་ཡང་མེད་པས། ཁྱོད་ཀྱིས་ཀྱང་ང་རང་སྙིང་མ་རྗེ་དང་ཐུགས་ཁུར་མ་བྱེད་ཅིག

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

  • 不知道写点什么。 我居然忘记更新了。 真的要急死人了。最后两分钟,期待我能写够100个字。 不知道明天要不要做核算...
    洛桑桑阅读 1,036评论 0 2
  • 有的时候喜欢一个群,是因为有喜欢的人在里面,简简单单,真挚可爱。一样品性的人,才能处得来。我说不太会做馒头,友人就...
    风语传灯阅读 1,337评论 0 0
  • 洗了好几床的床单被子,旧的和新的,包括洗衣机里还在滚的那床新的。其实说复盘的觉得很累。中午睡着一波电话打醒,我很试...
    焱菲Hither阅读 1,643评论 0 6
  • 昨天也没乱吃东西啊。今天早上从5:30开始,肚子就一直断断续续的疼,反正也睡不着了,就7:30下楼做了核...
    花开见九州阅读 832评论 0 1
  • 因为别人最多只能帮你分析,提供不同的看问题的角度,但没人能帮你作最后的决断。决断力也是一种很重要的能力。有决断好过...
    mwei2016阅读 818评论 0 1

友情链接更多精彩内容