རྨ་ཁུག་གི་གྱི་ལིང་།
མཛོད་དགེ་གླིང་དཀར་སྟོད་ནས།།
ལྷ་རྟ་རྐྱང་རྒོད་གཡེར་བས།།
རྒྱལ་ཁམས་བང་གིས་བསྐྱོད་པར།།
རྨིག་བཞིའི་འཁོར་ལོ་བསྐོར་མྱོང་།།
ཨོ་་་་ཧོ རྨ་ཁུག་གི་གྱི་ལིང་འཕུར་ཤེས།
ལྷ་རྟའི་སྤྲུལ་བ་ཡིན་སོང་།།
རླུང་གི་གཤོག་པ་འཐོགས་ནས།།
རྨིག་བཞིས་གནམ་ས་འགེང་དུས།།
ས་ལ་གློག་ཞགས་འཁྱུག་འདྲ།།
ཨོ་་་ཧོ་་་ས་ལ་གློག་ཞགས་འཁྱུག་འདྲ།།
ཨ་་་་་ཧ་་་་་་
རྒྱུག་ཡ་རྒྱུག་ཡ་གྱི་ལང་འཕུར་ཤེས།
ཕུགས་ཀྱི་རྟིང་མ་ཁྱེད་ཡིན།།
རྒྱལ་བའི་ཀྭི་བསོ་ཁྱེད་་ཡིན།།
ཨོ་་་་ཧོ་་་་
ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ།།
མཛོད་དགེ་མེ་ཏོག་ཐང་ནས།
ཅང་ཤེས་རྟ་མཆོག་རྒོད་པོ།
རྒྱལ་ཁའི་འཕུར་ཐག་གཅོད་པར།
མགྱོགས་པའི་བང་ཁ་འགྲན་ཡོང།
ཨོ་་་་ཧོ་་་་་་རྟ་མགོ་ཡིད་བཞིན་ནོར་བུ།
བར་སྣང་ཁམས་ལ་འཁོར་ནས།།
རྨིག་བཞི་འཕྲུལ་གྱི་འཁོར་ལོ།།
བདེ་མོ་ཐང་ལ་བསྒྱུར་དུས།།
ཉག་ཕྲན་ལྟོང་ནས་ཤོར་འདྲ།།
ཨོ་་་ཧོ་་་་་ཉག་ཕྲན་ལྟོང་ནས་ཤོར་འདྲ།།
ཨ་་་ཧ་་་་
རྒྱུག་ཡ་རྒྱུག་ཡ་གྱི་ལིང་འཕུར་ཤེས།
ཕུགས་ཀྱི་རྟིང་མ་ཁྱེད་ཡིན།།
རྒྱལ་བའི་ཀྭི་བསོ་ཁྱེད་ཡིན།།
ཨོ་་་་ཧོ་་་་་་
ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ།།