2017-04-14

དྲིན་ཆེན་མ་ལོ།////--------དབུས་ལམ་ནས།

图片发自简书App

སྐུ་ལུས་ནས་ཟླ་དགུ་ཞག་བཅུར་ཉེར།།

ལུས་དྲོད་དང་ནུ་འོའི་མངར་ནས་གསོས།།

དུས་ལྟ་ལར་མི་ཡི་ཤ་ཚུགས་འདི།།

རྗེ་ཨ་མའི་བཀའ་དྲིན་མ་ཡིན་ནམ།།



བྱམས་བརྩེ་བའི་བྱེད་པོ་ཨ་མ་ཡི།།

ཐུགས་འཇམ་ཞིང་ངང་རྒྱུད་ཞི་བདེ་ཡིས།།

ཚིག་བསླབ་བྱ་ང་ཡི་སེམས་ཁོང་འཚེར།།

རྗེ་ཨ་མ་ཁྱེད་རང་བཀའ་དྲིན་ཞུ།།



ཚེ་འདི་ཡི་བདེ་སྐྱིད་མདུན་ལམ་ལ།།

མ་དྲིན་མོས་བསམ་བློའི་འཇིག་རྟེན་ཁྲོད།།

སེམས་འཁོར་ས་བུ་ཕྲུག་ང་རང་རེད།།

རྗེ་ཨ་མ་ཁྱེད་ལས་ལྷག་པར་མེད།།


ང་ཨ་མས་གཅེས་པ་སུ་ཡིས་གཅེས།།

ང་ཨ་མས་སྐྱོང་བ་སུ་ཡིས་སྐྱོང་།།

ངའི་ཨ་མ་ང་ཡི་རྒྱབ་རི་སྟེ།།

ང་མི་འབྲལ་གཏན་དུ་གནས་པར་སྨོན།།


དྲིན་ཨ་མའི་སྐུ་ཚེ་ཇེ་བགྲེས་རེད།།

ཚེ་འདི་ལས་ཁ་ཐག་ཇེ་རིང་རེད།།

སེམས་ཁོང་གི་མཆི་མ་ཇེ་མང་རེད།།

ངས་མ་ལོ་སེམས་ཀྱི་ནོར་བུ་དྲན།།


དྲིན་ཨ་མའི་གདམས་ངག་ཟབ་མོ་དེར།།


ཡིད་སེམས་ཁོང་ཉེར་ནས་བསྐལ་བར་དུ།།

ཚིག་དམ་བཅའི་མདུད་པ་མི་གྲོལ་བར།།

དུས་གཏན་དུ་འབྲལ་མེད་གནས་གྱུར་ཅིག།


དབུས་ལམ་ནས།

 བཅས་མེ་མོ་བྱ་ཡི་ལོར་དབོ་ཟླ་བའི་མར་ངོའི་རྒྱལ་བ་དང་པོའི་ཚེས་སྔ་མོར་བྲིས་སོ།།      

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 3,150评论 0 1
  • རང་ཉིད་རང་གི་མགོན་ཡིན། སྤྱི་ཚོག...
    阿柔零八阅读 2,750评论 0 0
  • མདང་ནུབ་ངའི་རྨི་ལམ་དུ་ཡང་བསྐྱར་མི་དེ་རྨིས་བྱུང་། ཞོག...
    玛尚卟姆阅读 4,780评论 1 3
  • 过年走亲访友时候,除了被问婚姻和工作,经常被各种莫名的热情的拉过去做知心大姐与心理咨询。“鹿,赶快劝我家孩子好好读...
    念冬1314阅读 3,772评论 0 1
  • 早上六点多,红豆就醒了。妈妈知道红豆今天要去上海,一大早就打开红豆的房门看红豆还在不在。红豆当作不知道,没做声,接...
    周海双阅读 2,481评论 2 2

友情链接更多精彩内容