2018-06-13

{དོ་སྣང་དང་མཉམ་འཇོག་བྱ་ཡུལ།}

      ༡༽ འགྲན་ཞུགས་མི་རེར་དྲི་བ་གསུམ་རེ་འདྲི་རྒྱུ་ཡིན། དྲི་བ་གཅིག་ལ་ལན་འདེབས་ཡུན་སྐར་མ་གཅིག་ལས་མེད།  དྲི་ལན་ཕྱོགས་ཆ་ཚང་ཞིང་ཁ་གསལ་ཡིན་དགོས།
      ༢༽འགྲན་ཞུགས་ཨང་རྟགས་ནི་ཐོ་འགོད་ཨང་རིམ་གཞིར་བཟུང་གཏན་འཁེལ་བྱས་ཡོད།  འགྲན་ཞུགས་སྐབས་དུས་ཐོག་ཏུ་དྲ་ལམ་ལ་ཐོན་དགོས། གལ་སྲིད་འགྲན་ཞུགས་དུས་ཚོད་ཟིན་ཏེ་མིང་ཐོ་བོས་རྗེས་སྐར་མ་གཉིས་ནང་མ་ཐོན་ནའགྲན་ཞུགས་གོ་སྐབས་་རྩིས་མེད་ཡིན།
    ༣༽ དྲི་ལན་ཐེབས་པའི་མང་ཉུང་ལ་གཞིགས་ཏེ་ཨང་རིམ་བཀར་རྒྱུ་ཡིན། གལ་སྲིད་དྲི་ལན་གསུམ་ཀ་ཐེབས་མཁན་དང་། དྲི་ལན་གཉིས་ཐེབས་མཁན་བཅས་དྲི་ལན་ཐེབས་གྲངས་གཅིག་མཚུངས་ཡིིིིིན་མཁན་འགའ་ཤས་ཡོད་ན་བསྐྱར་འགྲན་གྱིས་ཐག་གཅོད་བྱ་རྒྱུ་ཡིན།
      ༤༽བྱ་དགའི་རིམ་པ།
      བྱ་དགའི་དངུལ་གྱི་འགྲོ་གྲོན་གཏོང་མཁན་ནི་མེ་ཏོག་རྩེད་རའི་ཚོགས་གཙོ་མ་རྩྭ་ཐང་གི་མེ་ཏོག་ཡིན།
      ཨང་དང་པོ་གཅིག  བྱ་དགའི་དངུལ་ ༣༠ དང་གཟི་བརྗིད་དཔང་ཡིག
    ཨང་གཉིས་པ་གཉིས།  བྱ་དགའི་དངུལ་ ༢༠ དང་གཟི་བརྗིད་དཔང་ཡིག
    ཨང་གསུམ་པ་གསུམ། བྱ་དགའི་དངུལ་ ༡༥ དང་གཟི་བརྗིད་དཔང་ཡིག
    ཕུལ་བྱུང་ལྔ། བྱ་དགའི་དངུལ་ ༡༠ དང་གཟི་བརྗིད་དཔང་ཡིག
  ༥༽འགྲན་སྡུར་བྱེད་པའི་དུས་ཚོད་ནི་འགྲན་ཞུགས་མིང་ཐོ་བསྡུས་རྗེས་གཏན་འཁེལ་གྱིས་བསྒྲགས་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་འཚལ།
༦༽ ཐོ་འགོད་འབྲེལ་གཏུགས་བྱེད་ས་ཚོགས་གཙོ་མ་རྩྭ་ཐང་གི་མེ་ཏོག་ཡིན། གཤམ་གྱི་བཤེར་རིས་མནན་ཏེ་འབྲེལ་བ་བྱེད་རོགས།
      མཐར་ཁྱེད་རྣམ་པས་དུས་ཚོད་དམ་འཛིན་གྱིས་འགྲན་སྡུར་ལ་ཞུགས་པའི་གོ་སྐབས་ལེན་པར་དྲན་སྐུལ་དང་། འགྲན་སྡུར་ལ་ཞུགས་སྐབས་གཏན་འབེབས་སྒྲིག་འཛུགས་རང་སྲུང་རང་ཁུར་གྱི་སྒོ་ནས་བཤད་རྒྱུ་གཏམ་རྒྱུ་ཅི་ཡང་མེད་པར་ཕན་ཚུན་བརྩི་འཇོག་དང་འཆམ་མཐུན་ངང་ཞུགས་རྒྱུའི་རེ་བ་དང་བཅས།


          སྤྱི་ལོ་ ༢༠༡༨ ལོའི་ཟླ་ ༦  ཚེས་ ༡༤ ཉིན།
    <<ཕ་སྐད་ཤེས་བྱའི་འགྲན་སྡུར་>>གྱི་གོ་སྒྲིག་ཚོགས་ཆུང་ནས་ཕུལ།
     

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容