ཨ་ཅེ་ལགས སྤྱན་ཆབ་མི་གཏོང་རོགས
ལས་དབང་བསམ་ནག་དེས
ངེད་ཅག་ལ་གནང་བའི་འཚོ་བ
བསྐྱུར་བོ་ཞིག་རེད གྲང་ངར་ཆེ་བ་ཞིག་རེད
ཁ་འཛོམས་མིན་པའི་ཐབ་ཚང་ཞིག་རེད
ཨ་ཅེ་ལགས སྤྱན་ཆབ་མི་གཏོང་རོགས
ཁྱེད་ནི་ཨ་ཅེ་ཡིན་ལ་ཨ་མའང་ཡིན
ཁྱེད་ཀྱི་ལང་ཚོ་དང་དགོད་སྒྲ མཛེས་སྡུག
སུ་ཞིག་གི་དོན་དུ གང་ན་ཡོད
ཨ་ཅེ་ལགས སྤྱན་ཆབ་མི་གཏོང་རོགས
དཀའ་སྡུག་གི་ལོང་པ་དེ་ནས
རླུང་བུ་དང་ལྕི་བ་ལ་སྤྱན་ཆབ་ག་ཙམ་ཕུལ་ཟིན
ཨ་ཅེ་ལགས སྤྱན་ཆབ་མི་གཏོང་རོགས
ནུ་བོ་ལ་ནུས་པ་དབེན་དྲག་པས
ཁྱེད་ཀྱི་བདེ་སྐྱིད་བོར་སོང
ཨ་ཅེ་ལགས སྤྱན་ཆབ་མི་གཏོང་རོགས
ཁྱེད་ངུ་བཞིན་པའི་ཚུགས་ཀ་དེ་མཐོང་མི་འདོད་ཀི
ཁྱེད་ཀྱི་སྤྱན་ཆབ་ནི་སྙིང་གི་ནད་དུག
ཨ་ཅེ་ལགས སྤྱན་ཆབ་མི་གཏོང་རོགས
ཡོད་ཚད་ཀྱི་ཆེད་དུ
དགོངས་དག་ཞུ
ཨ་ཅེ་ལགས སྤྱན་ཆབ་མི་གཏོང་རོགས
ཆོས) མྱིང་མེད།