སློབ་གླིང་གི་སེམས་འགྱུ་ཕྲ་མོ།

———————————ཨ་ག་མ

ཟླ་བཅུ་བའི་ཁ་བ་སྟུག་པོ་

མཁར་གྲོང་འདིའི་ལྟེ་བར་ལྷུང་དུས།

མཚོ་སྔོན་མི་རིགས་སློབ་ཆེན་ནི་

དངུལ་དཀར་གྱི་ཡོལ་བས་བཏུམ་པའི་སློབ་གླིང་ཞིག

ཡང་ན་་་

ལྗངས་མདོག་འགྱུར་སོང་བའི་སྡོང་ར་ཞིག

ང་ནི་གསར་དུ་འཕུར་ཡོང་བའི་སྡོང་རའི་བྱེའུ་ཆུང་ཞིག་སྟེ།

འཕུར་ཡུལ་དམིགས་མེད།

འཕུར་རོགས་ངེས་མེད།

རང་དགར་སྡོང་ར་འདི་ལ་ལྡིང་སྐོར་ཡང་ཡང་རྒྱག་བཞིན།

འཕུར་སའི་གནས་དང་

འབབ་སའི་ས་ཤིག་བཙལ་གིན་ཡོད།

འོན་ཀྱང་

འདབ་ལག་རྒྱས་མ་ཐག་པའི་བྱེའུ་ཆུང་ཞིག་ལ།

འཕུར་རོགས་ལམ་སྟོན་མེད་པའི་བྱེའུ་ཕྲུག་ང་ལ།

མདུན་ལམ་རྒྱ་ཆེར་གཏོང་བའི་ཕུགས་འདུན་ཡོད་ཀྱང་།

ཡོད་ཚད་སེམས་ནས་རྟོགས་པའི་གསལ་ཆ་མེད་པས།

སྔར་བཞིན་དཀའ་སྡུག་དང་ངལ་དུབ་ཀློང་ན།

ཁེར་རྐྱང་དང་ཡི་ཆད་ཀྱིས་འཚོ་བཞིན།

རེ་བལྟས་ཤིག་ལ་མོས་ཡོད།

གང་ལྟར་

འདས་ཟིན་གྱི་ལོ་ཟླ་དེ་དག

ཁེར་རྐྱང་དང་ན་ཟིག་དེ་ཚོ།

སྔར་བཞིན་རང་ཉིད་གཅིག་པུས་

གདོང་གཏད་པ་རྐྱང་རྐྱང་ཡིན་པས།

བྱིའུ་ཆུང་ལགས།

ཡིད་ཆེས་དང་སྤོབས་པ་སྐྱེད་དང་།

འབྱུང་འགྱུར་གྱི་སང་ཉིན་ནམ

མ་འོངས་པའི་མདུན་ལྗོངས་དེར།

སྨོན་ལམ་གྱི་འབྲས་བུ་ཐོགས་ཡོད་ལ་།

འོད་སྟོང་གི་གུར་ཁང་ཕུབས་ཡོད།

གཤོག་གསུང་མཁའ་དབྱིངས་ལ་བརྐྱངས་ནས་

ཡིད་ཆེས་ངང་འཕུར་དང་།

བྱེའུ་ཆུང་ལགས།

                                        ༡༦-༡༠-༡༡

图片发自简书App
最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容