我说

                            ང་ན་རེ།

སྟོད་ཀྱི་རྫ་རིའི་གངས་ཆུ་བཞུར་ནས་འགབ་ཀྱི་རི་བ་ལ་གཞུང་ལ་སྤྱུགས།།

བར་ཀྱི་བརྡ་འཕྲིན་ཕོ་ཉ་རིངས་པས་ཕ་ཡུལ་ངོ་གདོང་ཕྱི་ལ་བུད།།

སྨད་ཀྱི་རྩྭ་ས་མེ་ལ་མ་ཤོར་ལ་ཐང་ཕྱེ་མའི་འོག་ལ་བསྡམས།།

དབྱར་ཀྱི་ལྗོངས་ལ་ཁ་བ་འབབ་པའི་ཁང་ཆར་གཉིས་ཀྱི་འདབས་འོག་ནས།།

ནས་མེད་སྨྱུ་གུར་ཁ་ལོ་བསྒྱུར་བའི་རིགས་པའི་བུ་དེ་ང་ན་རེ།།

མི་རིགས་ཉམས་ཤིང་ས་ཆུ་ཤོར་བ་རང་རིགས་རང་གིས་བརླག་སོང་སྐད།།

ཁྱིམ་ཀྱི་གོམས་སྲོལ་རླུང་གིས་ཟད་དེ་གུར་གྱི་རང་འདངས་ས་ལ་ཧྲེས།

གནམ་འཕང་མ་ཆོད་ཐང་དཀར་རྒོད་པོའི་གཞུ་མོའི་རང་མདའ་སྒྲོ་ལ་ཕོག

རྟ་ཐོག་ཤེས་རིག་མེ་ཡིས་སྤར་བ་དེ་རིང་ཆུ་ཡིས་ག་ལེར་བསྣུབས།།

རྟ་མགོ་དབྱངས་རྟའི་འགྱུར་ཁུགས་བྲག་ཅའི་རི་གྲོང་གཉིས་ཀྱི་བར་མཚམས་ནས།།

ཐེ་ཁའི་རྩེད་ར་ཐང་མར་བརྡལ་བའི་པྲ་ཆལ་བུ་ལོ་ང་ན་རེ།།

དུས་ཀྱིས་བསྡུས་མིན་མིག་བརྒྱངས་མེད་པས་རང་རིགས་རང་གིས་བརྫད་སོང་ཟེར།།

གཡང་གི་སྒོ་རའི་འབའ་སྐད་ཆད་དེ་སྒོ་ནག་སྲང་ལམ་སྐྱ་་ཐེར་རེ།།

ཨ་མའི་འོ་ཟའི་རྟེན་ཀྱི་མཆོད་པ་འབྲི་མོའི་འོ་མ་ཉིན་མོའི་སྐར།།

ཨ་ཕའི་སྐྱ་རེངས་དུང་གི་སྒྲ་དབྱངས་ལ་དུང་ལུང་ན་ཡོད་དོ་

གྲགས།།

འདོ་་རིགས་རྟ་བའོ་བསྟན་པ་རྒུད་པའི་དུས་ཀྱི་ལྐོག་མའི་འགག་སྒོ་ནས།།

རི་བོའི་ཕ་རོལ་སྐྱོན་དུ་བསྒྲུབ་པ་འབྲོག་ཕྲུག་དཀྱུས་མ་ང་ན་རེ།།

ཆུ་བའི་ཕར་ཚུར་མཛེས་སྡུག་མ་ཡིན་རང་རིགས་རང་གིས་བསྡམས་སོང་བཤད།།

ཐུར་དུ་དབྱངས་པ་འཇའ་ཚོན་ཡིན་ཆོག་ཐག་པ་ཡིན་ཡང་ཆོག་ཆོག་ཡིན།།

ཟད་དུ་ཡོད་པ་ཞགས་པ་ཡིན་ནམ་འཇའ་ཚོན་ཡིན་ཡང་བདེན་པ་ཡིན།།

རི་མཐོ་ས་གཙང་སྒོ་ཕྱུགས་བཀྲམ་པ་གོ་ལའི་སྙིང་གི་བཅུད་དུ་སྦུམས།།

དུས་རབས་རྒྱལ་མོའི་བཀའ་ཡིག་ཕོག་པའི་ཁས་ཀྱི་ཉག་ཁའི་ས་སྒང་ནས།།

མ་ཡིག་ནོར་བུ་རུམ་ནས་ཆོ་མེད་རྒྱལ་ཁམས་ང་ན་རེ།།

བསམ་གཞིག་མེ་ལོང་མདུན་ལ་བླངས་ནས་རང་རིགས་རང་གིས་བརླག་སོང་ཤོར།།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容