མིག་ཆུ་ཤོར།

མིག་ཆུ་ཤོར།

སེམས་སྡུག་གི་རྨ་ཁ་ལ་བརྙས་བཅོས་ཀྱི་ཚྭ་ཆུ་ཤོས།

ངུ་སྐད་ཀྱི་སྡུག་བསྔལ་ལ་མཐོང་ཆུ་གི་ཁོང་ཁྲོ་བླངས།

དྲན་གདུང་གི་བསམ་བློ་ལ་འཆོ་མེད་ཀྱི་དགག་པ་བ་རྒྱབ།

འཆར་ཡན་གྱི་སྟོང་བསམ་ལ་བཟོད་མེད་ཀྱི་འགྲམ་ལྕགས་ཞུས།

རེད་ལགས།

ཁེར་རྐྱང་གི་འཚོ་བ་ལ་སུ་ཡིན་རུང་སུན་སྣང་དང་མཐོང་ཆུང་བརྙས་བཅོས་བྱེད་སྲིད་ལ་མཐོང་ཆུང་དང་བརྙས་བཅོས་ཀྱི་འཚོ་བ་ལ་སུ་ཞིག་ཀྱང་དགའ་མི་སྲིད།

ཁེར་རྐྱང་གི་ཨི་ཁུང་ལ་སེམས་གསོ་ཡི་ལྷན་པ་བརྒྱབ།

རང་གསོ་ཡི་ནུས་པ་ལ་ཁེར་རྐྱང་གི་རོགས་པ་བྱེད།

དད་ལྡན་གྱི་མི་ཚེ་ལ་མ་ཉོབ་ཀྱི་བློ་སྟོབས་འདོན།

དེ་བས།

མི་གཅིག་ཟུར་དུ་ལུས་པའི་འཚོ་བ་ལ་ཞེན་ལོག་ཏེ་བཟོད་བསྒོམ་གྱི་མིག་ཆུ་ཞིག་ཤོར། མིག་གཉིས་ཕུར་ཕུར་ཞིག་བྱས་ཏེ་སླར་ཡང་ཁེར་རྐྱང་གི་ལམ་ལ་ཆས།

སྣང་མེད་ཟུར་དུ་ལུས་པའི་སྡུག་རྩུབ་གི་སེམས་ཁམས་ལ།

དོར་མེད་ཡིད་ཆེས་དམ་ཆ་བརྟན་པའི་ཆོད་སེམས་གཅིག་གི།

ཁོ་བོའི་ར་ཟླར་འགྱུར་བའི་སྡུག་རུས་ཀྱི་གཤིས་ཀ་ཞིག།

ཁྱོད་མི་ལོ་བཅུ་ཕྲག་སོང་བའི་སྟོབས་འབྱོར་འཇོན་ཐང་ཆེ།

ཨ་ཁ་ཁ།

དུས་ད་བཟོད་མཐོང་ཆུང་གི་བརྙས་བཅོས་འཁྱེར་མི་དགོས་ལ་སྡུག་རྩུབ་ཀྱིས་བསྣོན་ཤུགས་དེའང་འཁྱེར་མི་དགོས།  དུས་དེ་ནས་བཟུང་ང་རང་ཁེར་རྐྱང་གི་འཚོ་བར་དགའ་ཡིན་ཡང་དེ་འདའི་འཚོ་བ་རོལ་ཐབས་བྲལ། འཚམས་དེར་ང་རང་སླར་ཡང་མིག་གཉིས་ཀྱི་མིག་འབྲས་ཀྱི་རྒྱབ་ནས་མིག་ཆུ་བར་མེད་དུ་ཤོར། དེས་ན་ངུ་སྐད་ཀྱི་ང་རང་གི་སེམས་སུ་ཚ་སོབ་སོབ་ཀྱི་གད་མོ་ཞིག་ཀྱར་ཤོར་ཡོང་གི།།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容