故乡     ཕ་ཡུལ།

འབའ་ཐང་རྫོང་མཁར་བྱ་ཁྱུང་གྲོང་།      巴塘县城夏邛镇

    故乡


三千米高处的异地

春分时节    想起故乡

思绪涟漪

故乡是记忆里红色的藏房

果树掩映间灿烂如花

故乡是记忆深处的花红柳绿

落落大方点缀四季

我走了    走得很远,

却走不出故乡的麦香

缕缕金丝面

牵系游子的味蕾

阔别的日子

我怀揣弦胡

一次次奏响“阿珂祥巴”

生硬的歌喉

重复童年的欢笑

村畔小溪的浪花

荡漾血管中

春来了

一朵朵叫得上名和叫不上名的花

簇拥开放心头

我聆听弦子

辨别思念的方向

舞蹈亘古的巴塘弦子

桃花映雪山


ཕ་ཡུལ།

མཐོ་ཚད་སྨི་སུམ་སྟོང་ཅན་གྱི་གཞན་ཡུལ་དུ།

དཔྱིད་ཀྱི་དུས་ཚིགས་འདིར་ངས་ཕ་ཡུལ་དྲན་ཞིང་།

བློ་ཡི་མཚོ་མོ་རུ་འཆར་སྒོའི་ཆུ་གཉེར་འཕྱུར།

ཕ་ཡུལ་ནི་དྲན་པའི་མེ་ལོང་ངོས་བཀྲ་བའི་ཁང་ཁྱིམ་དམར་སྨུག་དང་།

འབྲས་ཤིང་བརྒྱན་པའི་མེ་ཏོག་མཚར་སྡུག་ཡིན་ལ།

ཕ་ཡུལ་ནི་དྲན་པའི་འཆར་སྒོ་རུ་གསལ་བའི།

ལྗང་མདོག་གི་ལྕུག་ཕྲན་དེའང་ཡིན་ཏེ།

དུས་བཞི་རྣམ་པ་བཀྲ་བའི་མེ་ཏོག་སྣ་མིན་ཡང་ཡིན།

ང་རང་ཕ་ཡུལ་ལས་རྒྱང་རིང་དུ་འགྲོ་ནའང་།

ཕ་ཡུལ་གྱི་གྲོ་ཕྱེ་ཡི་དྲི་བཟང་ལས་ཐར་བའི་ཐབས་མ་རྙེད།

མི་རབས་ནས་མི་རབས་བར་བརྒྱུད་པའི་གྲོ་ཕྱེའི་འཐེན་ཐུག

ཡུལ་གྱར་བས་བརྗེད་མི་ཕོད་པའི་བྲོ་བ་ཞིམ་པོ།

གྱེས་བྲལ་གྱི་དུས་ཡུན་དུ།

ངས་པི་ཝང་རུམ་དུ་འཁྱུད་ཅིང་།

ཨ་ཁུ་བྱམས་པ་ཟེར་བའི་གཞས་དེ་ཡང་ནས་ཡང་དུ་བཀྲོལ།

སྐད་ངག་གྱོང་གོག་དེས།

ཆུང་བྱིས་པའི་དུས་ཀྱི་སྤྲོ་སྐྱིད་བསྐྱར་ཟློས་བྱས་ཏེ།

གྲོང་པའི་ཉེ་འདབས་ཀྱི་ཆུ་ཕྲན།

རླབས་རྒྱུན་འཕྱུར་ནས་ངའི་ཁྲག་རྩ་རུ་ལྡིར།

དཔྱིད་ཀ་ཤར་བྱུང་།

མེ་ཏོག་རིགས་སྣ་མིན་སྣ་ཚོགས་འཛུམ་དམུལ་བཞད་ཅིང་།

ཡིད་ཀྱི་ལྡུམ་ར་རུ་རྣམ་པ་བཀྲ།

ངས་འབའ་གཞས་སྙན་འཇེབས་དེ་ཉན་ཞིང་།

དྲན་གདུང་གི་ཁ་ཕྱོགས་རྣམ་པ་འབྱེད་དེ།

འབའ་གཞས་རྙིང་པ་གར་དུ་འཆམ།


图片发自简书App
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容