གཉིས་པ། ཐུན་མོངས་མ་ཡིན་པའི་སྔོན་འགྲོ།
གཅིག རྒྱུད་སྣོད་རུང་དུ་བསྒྲུབ་པ་ལ་སྐྱབས་འགྲོ་སེམས་བསྐྱེད།
གཉིས། འགལ་རྐྱེན་སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའ་སྒོམ་བཟླས།
གསུམ། རྒྱ་ཆེན་ཚོགས་གཉིས་རྫོགས་པར་བྱེད་པ་མནྡལ།
བཞི། བསགས་སྦྱང་གཉིས་སུ་མེད་པ་བླ་མའི་རྣལ་འབྱོར།
༡ རྒྱུད་སྣོད་རུང་དུ་བསྒྲུབ་པ་སྐྱབས་འགྲོ་སེམས་བསྐྱེད་ལ།
༡ སྐྱབས་འགྲོ།
༢ སེམས་བསྐྱེད།
སྐྱབས་ཡུལ་ངོས་བཟུང་བ།
སྔོན་འགྲོ་ཚོགས་ཞིང་ལྟར། དཀོན་མཆོག་ལྔ་ཚོམ་ཞེས་ཀྱང་བྱ།
དབུས་ཀྱི་ཁྲི་ལ་བླ་མའི་སྐོར་བ།
ཤར་གྱི་ཁྲི་ལ་ཡི་དམ་ལྷ་ཚོགས་བསྐོར།
ལྷོ་ཕྱོགས་ཁྲི་ལ་སངས་རྒྱས་སྟོང་གིས་བསྐོར།
ནུབ་ཀྱི་ཁྲི་ལ་དམ་ཆོས་གླེག་བམ་བསྐོར་བ།
བྱང་གི་ཁྲི་ལ་དགེ་འདུན་སྡེ་ཡི་བསྐོར་བ།
མཐའ་འཁོར་རྣམས་སུ་ཡེ་ཤེས་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་ནམ་མཁའ་སྤྲིན་འཁྲིགས་པ་ལྟར་བསྐོར་བ།
དེ་ལྟར་སྔོན་འགྲོ་ཚོགས་ཞིང་ཡིད་ལ་གསལ་ལམ་མེར་གདབ་ནས་ཕྱག་སྐྱབས་འགྲོ། གཞི་མཆོད་པ་ཁ་བཏོན་བཟླས་བརྗོད་བྱའོ།