རྒྱལ་བ་ལྷ་ལས་བབས་པའི་དུས།

图片发自简书App

འགྲོ་བའི་དོན་ལ་རྩེ་གཅིག་བརྩོན་ནས་འཛམ་བུ་གླིང་འདིར་བྱོན་པ་དང་།།

འགྲོ་བ་རྣམས་ཀྱི་ཁམས་དང་མཐུན་པའི་དམ་པའི་ཆོས་ཀྱི་དབྱར་རྔ་བསྒྲགས།།

འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བར་དོའི་ལམ་ནས་འདྲེན་པ་པོ།།

འགྲོ་བའི་སྐྱབས་གཅིག་ལྷ་ཡི་ལྷ་ལ་བདག་གི་སྒོ་གསུམ་གུས་པས་འདུད།།

སྒྱུ་མ་ལྷ་མཛེས་ཚེ་ལས་འདས་ཏེ་འདོད་ལྷའི་གནས་སུ་སྐྱེས་པའི་དུས།།

ཡུམ་གྱི་དྲིན་ལན་འཇལ་དང་ལྷ་རྣམས་འདུལ་ཕྱིར་སུམ་བཅུ་རྩ་གསུམ་དུ།།

དགྲ་བཅོམ་བརྒྱད་སྟོང་འཁོར་དང་བཅས་ནས་ཡུམ་གྱི་སྐུ་སྐྱེ་གཙོ་བྱས་པའི།།

འདོད་ལྷའི་རིགས་རྣམས་ཐར་བར་འདྲེན་པོ་ཟས་གཙང་སྲས་ལ་འདུད།།

དགུ་པའི་ཉེར་གཉིས་འདི་ལ་སླར་ཡང་འཛམ་བུ་གླིང་དུ་བྱོན་པའི་དུས།།

མཆོག་གི་མཛད་པ་བཅུ་གཉིས་ནང་ཚན་དུས་ཆེན་ཁྱད་པར་ཅན་འདི་ལ།།

ལུས་ཀྱིས་ཕྱག་དང་སྐོར་བ་ཅི་ཐོབ་སྒྲུབ་བཞིན་ངག་ནས་བསྙེན་པ་འདོན།།

ཡིད་ཀྱིས་མོས་གུས་དྲག་པོའི་ངང་ནས་ཡང་ཡང་གསོལ་བ་འདེབས་པར་བྱེད།།

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容

友情链接更多精彩内容