རྨི་ལམ་ཁྲོད་ཀྱི་སྟོང་འདང

                                            གྲིབ་གཟུགས་ནས།


ནམ་སྟེ་དུས་ལ་ངེས་པ་མེད་པར

འུ་ཚོ་རང་ཉིད་ལ་གང་ཞིག་འཐོབ་ཡོད་པའི་ཆ་ལའང

ཚོར་བ་མག་མོག་ཅིག་ལས་མི་འདུག


སྐབས་སྐབས་སུ

འུ་ཚོས་རྨི་ལམ་གྱི་ཞིང་དུ་འཆར་གཞི་འགོད་ཀྱིན་མཆིས་ལ

མཚམས་མཚམས་སུ

འུ་ཚོས་སྟོང་འདང་གི་ཁྲོད་དུ་རེ་བ་འཚོལ་བཞིན་གདའ

མཐར་གཏུགས་ན

འུ་ཚོ་རྨི་ལམ་དུ་འཚོ་ཞིང

རྨི་ལམ་དུ་སྟོང་འདང་བྱས་ཏེ

སྟོང་འདང་དེ་དངོས་ཡོད་ཀྱི་ཚོར་བ་དང་འཁྲུལ་འདུག


སྙིང་རེ་རྗེ

འུ་ཚོས་འཚོ་བར་ངོས་འཛིན་ཆུང་ངུ་ཙམ་ཡང་བྱེད་དཀའ་བས

འཚོ་བའི་ཁ་ཕྱོགས་ཅི་ལྟར་འཚོལ

འཚོལ་བསྙེག་གི་འདུན་པ་སུ་ལ་བཅོལ


ཡིད་རེ་སྐྱོ

ཡོད་ཚད་ལ་ཕྱིར་འདང་ཞིག་བརྒྱབ་ན

དབུགས་རྒྱུན་རིང་བའི་དངན་པ་འདི་ཁོ་ན

མཚམས་ཆད་མེད་པའི་མིག་ཆུ་འདི་རྐྱང་རྐྱང


དོན་དམ་པར

ཁྱེད་ལ་མཁོ་བ་ནི་གང་ཞིག

ཁྱེད་ལ་དབང་བ་ནི་གང་ཞིག

འུ་ཚོས་དངོས་ནས་ལས་དབང་ལ་རྒོལ་ལན་སློག་མི་ཐུབ་བམ

འུ་ཚོ་ཐོག་མ་ཉིད་ནས་ཕམ་འདུག


©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容