བག་ཆགས་མ་འདྲེས་པའི་གཏམ་འགའ།

གཞོན་ལམ།


འཕུར་འདོད་ཧམ་སེམས་གནས་ལུགས་སོ་ཡིས་ཟོས།།རྟོག་བརྟགས་ཞིང་ཁམས་ཤེས་རབ་མདུང་གིས་བརྡོལ།།ལྷ་མི་མཉམ་བསྲེ་ལོ་རྒྱུས་མིག་གིས་དབྱེ།།གྲུབ་མཐའི་འགལ་རྩོད་གཟུ་བོའི་བློ་ཡིས་སྨྲ།།ཆོལ་གསུམ་ཤ་ཞེན་བཙན་པོའི་སྲོག་གིས་བསྡམས།།ལྷ་འདྲེའི་འཐབ་འཁྲུག་གནོད་བཅས་དུག་ཏུ་གཟིགས།།དག་པའི་ལྷག་བསམ་སྣོད་བཅུད་བྲན་དུ་བཀོལ།།མཁས་པའི་ཤེས་རབ་ལམ་གྱི་གྲོགས་སུ་སྦྲན།།ལུང་གི་ཕྱི་ནང་གཡོ་མེད་རིགས་པས་འཇལ།།གཞན་གྱི་དད་མོས་བརྩི་བཀུར་གནས་སུ་འཇོག།རང་གི་ལྟ་བར་འགྱུར་མེད་གཟེར་ཐེབས་པའི།།དམ་པའི་སྐྱེས་བུ་ཡོ་འཁྱོག་ཀུན་བྲལ་བ།།སྐྱ་སེར་ཕོ་མོ་ཕྱི་པ་ནང་པ་ཡི།།དབྱེ་འབྱེད་མེད་པར་བདག་གི་ལམ་གྲོགས་ཏེ།།ཤེས་ནས་དད་པའི་བསམ་བློ་དམར་པོའང་།།ཁྱོད་ཅག་གཏན་དུ་གསོན་པའི་མཆོད་པར་འབུལ།།


ང་ཆེས་དགའ་བའི་རྒྱུན་གྱི་བྱ་བ་ནི། དཔེ་ཆ་ཀློག་པ་དང་། གློག་བརྙན་ལྟ་རྒྱུ་གཉིས་ཡིན། དཔེ་ཆ་བཀླགས་པ་ལས་གནའ་བོའི་མི་ཡི་ཤེས་རབ་མཐོང་ཞིང་། མ་འོངས་ལམ་གྱི་ཁ་ཕྱོགས་ཟིན། གློག་བརྙན་བལྟས་པ་ལས་གནའ་བོའི་འཚོ་གནས་དོན་སྤྱིར་ཤར་ཞིང་། དེང་གི་གནས་བབ་རྗེན་པར་རྟོགས།

གང་ལྟར་གཅིག་ནི་གཟུགས་མེད་ཀྱི་ནུས་མཐུ་སྟེ་ཤེས་རབ་འཕེལ་བྱེད་དང་། གཅིག་ནི་གཟུགས་ཅན་གྱི་སྤྱི་ཚོགས་སྟེ་འཚོ་གནས་ཤེས་བྱེད་དུ་བསམ་ཡོད།

དེ་བས། དཔེ་ཆ་དང་གློག་བརྙན་ཅི་ཞིག་བལྟས་ཀྱང་དོན་གྱི་འབབ་ས་གང་དུ་ཡོད་བཙལ་རྒྱུ་ནི། ཐུན་མོང་གི་གནད་འགག་ཆེ་ཤོས་དེ་ཡིན།

ད་དུང་། བྱ་བ་འདི་གཉིས་ཀྱིས་ནི། རྒྱབ་ལ་ཕྱིར་མིག་འཕེན་དུ་འཇུག་ཅིང་། མདུན་ལ་རྒྱང་ལྟ་བྱེད་དུ་གཏོང་བའི་ཕྱིར། རྡོག་སྣེ་ཁོ་ན་རུ་གསོན་པའི་དམ་བཅའ་ཡེ་མེད་དུ་བསྒྱུར་འགྲོ་བས། མི་ཚེ་རྨི་ལམ་ཡིན་པའི་ངེས་ཤེས་བན་མ་བུན་ཞིག་གིས་སེམས་ངོ་ཡོངས་སུ་བརླན་འགྲོ། དེའི་སྟབས་ཀྱིས་སེམས་ཁམས་ལའང་ལྷོད་བབ་པར་འགྱུར་རོ།།

ལར་ནས། ཚེ་ཡི་ཡུན་ཐུང་ཞིང་ཤེས་བྱའི་རྣམ་པ་མང་སྟབས་རང་ཉིད་ཀྱི་མོས་ཕྱོགས་སུ་རྩེ་གཅིག་ཏུ་བཞུད་པ་ལས། གཞན་གྱི་རྣམ་རྟོག་གི་དཀར་ནག་དང་། ཁ་ལྕེ་ཡི་བསྟོད་སྨད་ལ་དེ་ཙམ་བལྟ་མི་རུང་སྙམ། འདི་ནི་ཆོས་བརྒྱད་མགོ་སྙོམས་པའི་གདམས་ངག་མ་རེད་དེ། རང་ཉིད་རང་ལ་དབང་བའི་དམ་པའི་ལམ་སྲོལ་ཡིན་པར་འདོད།

ཁོང་ལ་ཕན་ཐོགས་རུང་། ཁྱོད་ཀྱི་ཞེ་ལ་འབབ་པའི་ངེས་པ་མེད་ཅིང་། ཁྱོད་ཀྱིས་འདང་ཆེན་བཞག་ནའང་། བདག་ལ་ལེགས་གསུང་དུ་སྣང་བའི་ངེས་པ་མེད་ཕྱིར། རང་རང་སོ་སོས་རང་རང་གི་མོས་འདུན་སྙེག་པ་ལས། ཨུ་ཚུགས་དང་བཙན་པོ་བྱ་མི་རིགས་ཏེ། རྒྱུ་མཚན་དེ་གས་གཅིག་མཐུན་གྱི་ཚད་མ་དང་། ལེགས་བཤད། ལོག་རྟོག་དང་། འཁྲུལ་གཏམ་སོགས་མེད་པའང་ཤེས་རབ་ལྡན་པ་དག་གིས་རྟོགས་པར་འོས།

འབྲོམ་སྟོན་པ་ཚེ་གཅིག་ཏུ་དགེ་བསྙེན་བྱས་ཏེ་བཞུགས་ཤིང་། ཇོ་བོ་རྗེས་ཚེ་གཅིག་ཏུ་ལས་འབྲས་གསུང་ནས་ཕེབས་སོང་བ་དེས། ང་ཚོ་ལ་བརྡ་ཞིག་གནང་གི་ཡོད་པར་འདུག་སྟེ། ནམ་དུའང་གཞན་འུར་གྱི་རྗེས་སུ་མི་འགྲོ་བར། རང་གི་ཁ་ཐབས་དང་འཚམ་པས་དབུལ་པོས་ཕྱུག་ནོར་བགྲང་བའི་དཔེར་མ་སོང་ཞིང་། རང་གི་ལག་ལེན་དུའང་ཐེབས་པས་ལྟོས་བཅས་ཀྱིས་སྒྲུང་དུ་མ་གྱུར་ལ། རང་གི་མོས་ཕྱོགས་དང་ཡང་འགྲིག་པས་ཨུ་ཚུགས་ཀྱི་སྡུག་ཀྱང་མྱོང་མི་དགོས་པའི་རིག་གཞུང་དང་། མི་ཚེའི་ལམ་ཁ། སེམས་ཀྱི་ཕུགས་འདུན་ཞིག་འཚོལ་འོས་པ་བསྟན་པ་མིན་ནམ།

དེ་བས་ན། ཤེས་ནའང་ཟས་ཁམ་གཅིག་གི་ཕན་མེད་ལ། མ་ཤེས་ནའང་ཇ་ཕོར་གང་གི་གྱོང་མེད་པའི་བསླབ་བྱ་མང་པོ་ཞིག་ནི། དུས་ཚོད་འཕྲོ་བརླག་ཏུ་གཏོང་བའི་ཆོམ་རྐུན་གཉོམ་པོ་དེ་ཡིན་པ་ལས། བསྟོད་བསྔགས་བཀུར་བའི་ཞིང་དུ་བདག་གིས་ནམ་ཡང་མི་འདོད་མོད། འོན་ཏེ། དུས་ཀྱི་རབས་མི་འདྲ་ཞིང་། ལྟ་བའི་ཕྱོགས་མི་མཚུངས་པའི་ཡུལ་དང་ལུང་པ་སོ་སོའི་མི་ཀུན་གྱི་བསམ་ཚུལ་འདྲ་མི་སྲིད་པས། འདི་ནི་སྒེར་གྱི་ལྟ་ཚུལ་ཙམ་མོ།།

བཙན་བཀའ་མང་པོ་ཞིག་གིས་མནན་ཞིང་། འཇིགས་དངངས་དུ་མ་ཞིག་གིས་བསྡམས་པའི་སྐྱ་སེར་ཕོ་མོ་ཀུན་གྱིས་རང་ཉིད་ངོ་མ་དེ་ཉིད་གཏན་ནས་གཏན་དུ་བོར་ཏེ། ཡིག་འབྲུ་འགའི་ཕར་ལོག མི་ཁ་འགའ་ཡི་ཚུར་ལོག སེམས་ངལ་འགའ་ཡི་ཡར་ལོག དཔའ་ཞུམ་སེམས་ཀྱི་མར་ལོག་ནས། རང་ཉིད་མ་ཡིན་པའི་རྣམ་འགྱུར་གཞན་ཞིག་གིས་འཆམ་བཞིན་ཡོད།

གལ་སྲིད། བཀའ་ལུང་གི་སྡོམ་ཐག་ལས་གྲོལ་ཞིང་། རྟོག་སྒྲུང་གི་འཆིང་བ་ལས་ཐར་ནས། སྒྲིབ་གཡོགས་མེད་པའི་ལོ་རྒྱུས་དང་འཚོ་བ་དངོས་མཐོང་བའི་ཤེས་རབ་ཅུང་ཟད་རྒྱས་ཏེ། བག་ཆགས་ཀྱི་དྲི་མ་བསལ་བའི་ཤུལ་དུ་རང་ཉིད་ངོ་མ་བུད་ལ་ཁད་དུ་གྱུར་པ་ན། ཤིན་ཏུ་དངངས་པའི་སེམས་ཀྱིས་དེ་མ་ཐག་ཏུ་རང་སྲོག་རང་གིས་གཅོད་ནས་འགྲོའོ།།

རེད། མི་ཚོས་འགྲེལ་བཤད་གཞན་པ་ཇི་ལྟ་བུ་ཞིག་བསྐྱོན་ཡང་ཆོག་མོད། ཁོ་བོས་ནི། དགེ་ཆོས་ཀྱི་གསུང་དུ་བྱུང་བའི་“མཐོང་ན་འཇིགས་པའི་བདེན་པ་གཅེར་བུ་”དེ་ཡུལ་སྲོལ་དང་། ཆོས་ལུགས། གོམས་གཤིས་ཀྱི་བག་ཆགས་ཀྱི་རྐྱེན་གྱིས་གཏན་དུ་བོར་བའི་“རང་ཉིད་ངོ་མ་བོ་”ལ་འཇོག་པ་ཡིན་ཞེས་ཤིན་ཏུ་གཟེངས་མཐོ་བའི་མགྲིན་པ་བཏེགས་ནུས་ལ། དཔལ་ལྡན་ཆོས་ཀྱི་གྲགས་པས། “ཀྱེ་མ་མི་བཟད་གདོན་”ཞེས་གསུངས་པའང་འདི་དང་གོ་རྒྱུ་གཅིག་པ་ཡིན་ནོ།།

སྤྱིར་ན། ཁོ་བོས་སྔོན་ཆད་གོ་དོན་ལོན་ཡོད་སྙམ་པ་དག་ལ་ད་བལྟས་ན་འཇུ་རྒྱུ་འཆང་རྒྱུ་གང་ཡང་མེད་ཅིང་། སྔོན་ཆད་མི་འགྲིག་སྙམ་པ་དག་ཀྱང་ད་ཚོད་བལྟས་ན་ཡིན་ཡིན་འདྲ་བ་ཞིག་དང་། སྔོན་ཆད་རེད་ཨང་སྙམ་པའི་བློ་དུང་ངེ་བ་ཡོད་པ་རྣམས་ཀྱང་ད་ནི་ཐེ་ཚོམ་གྱི་རྒྱ་རུ་ལྷུང་བས། འདི་ཡིན་དེ་མིན་གྱི་རྣམ་དབྱེ་ཤིན་ཏུ་འབྱེད་དཀའ་བའི་ས་ཚིགས་སུ་སླེབས་ཡོད།

ཡིན་ནའང་། ངས་ལམ་ཁ་འདི་ནི་ངན་པ་ཞིག་ཏུ་ནམ་ཡང་འདོད་ཀྱིན་མེད་དེ། ཕྱི་རོལ་པ་ཕྱོགས་ཀྱི་གླང་པོའང་ལམ་ཁ་འདི་ལྟ་བུ་ཞིག་ནས་ཕེབས་ཏེ་སེམས་ཙམ་པར་གྱུར་ཅིང་། རྗེ་ཙོང་ཁ་པའང་ལམ་ཁ་འདི་ལྟ་བུ་ཞིག་ནས་ཕེབས་ཏེ་གྲུབ་མཐའི་སྲོལ་འབྱེད་པར་གྱུར་སོང་བས། ལུང་གི་ཞབས་འོག་ན་གཉའ་སྒུར་བའི་ལུགས་སྲོལ་ཞིག་དང་མ་འཚམས་པ་ཙམ་ལ་ཧབ་ཆ་བྱེད་པའི་མི་ལ་ངོ་ཡ་བྱ་དགོས་མེད་ཨང་།

རྒྱུ་མཚན་དེའི་ཕྱིར། བཤད་པ་ཟབ་མོ་ཞིག་ལ་གོ་བ་དངོས་མ་ཆགས་པ་ནི། དཀའ་བའི་ནང་གི་དཀའ་བ་རུ་འདུག་པས། རང་གི་སྡུག་ཡུས་ཀྱིས་མཁས་པ་ལ་སྨོད་པའམ། གང་བྱུང་བྱུང་དུ་དགོངས་པ་ཁྲོལ་མདོག་བྱེད་པའང་ཅུང་ཟད་དགོད་ཤོར་བའི་གནས་སུ་མཆི་མོད། རང་ཉིད་རང་ལ་དབང་ཞིང་། རང་གི་བསམ་བློ་རང་གི་ཡིན་པའི་ལྟ་ཚུལ་ནི་ནམ་དུའང་བོར་མི་རུང་ངོ་།།



2016-12-30……༢༡༤༣-༡༡-༡ཉིན་བྲིས།

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 203,547评论 6 477
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 85,399评论 2 381
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 150,428评论 0 337
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 54,599评论 1 274
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 63,612评论 5 365
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 48,577评论 1 281
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 37,941评论 3 395
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 36,603评论 0 258
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 40,852评论 1 297
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 35,605评论 2 321
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 37,693评论 1 329
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 33,375评论 4 318
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 38,955评论 3 307
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 29,936评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 31,172评论 1 259
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 43,970评论 2 349
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 42,414评论 2 342

推荐阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 427评论 0 1
  • མདང་ནུབ་ངའི་རྨི་ལམ་དུ་ཡང་བསྐྱར་མི་དེ་རྨིས་བྱུང་། ཞོག...
    玛尚卟姆阅读 1,120评论 1 3
  • 1.今天一整天,我和泡泡一样心烦,尤其是在泡泡辛苦做了四个小时的PPT因没有保存而丢失,去BRT坐公交结果司机没有...
    宜官阅读 270评论 0 0
  • 简悦直播教练恬源阅读 154评论 0 0
  • 尝立志成大器,轻物质而重虚空。想冥顽以究道之浩渺,却懒散以假道之随性。食无求饱,居无求安。知任重而常枯坐省己,避道...
    郁浊子阅读 371评论 0 0