ཚོར་འདུ་མཚར་བ།

                                    རིག་བྱེད་འཚོ།

ཆུ་སྐྱེས་པད་མའི་བཞིན་ཟླ་སེམས་སོང་གི་གྲོགས་པོ།།

ཇི་ལྟར་འཚར་སྐྱེ་བྱས་པའི་ངོ་བོ་དེ་མ་འཚལ།།

ཤེས་དུས་ང་ཡི་མགྲོན་ཆེན་ཁྱེད་རང་ལགས་ཡིན་འདུག།

བདག་གཞིས་སྙིང་རྩར་རྩེན་པ་ཨེ་མ་ཞིག་མཚར་སོང་།།


མོ་ལོ་ཉེར་ལྔར་ལོན་པའི་མོ་གསར་ངའི་སྣང་བ།།

གལ་ཡོང་ཅི་ཆ་མ་འཚལ་ལམ་ཐུག་གི་མགྲོན་ཁྱོས།།

དགའ་སྣང་སྐྱོ་སྣང་འདྲེས་མའི་ཚོར་འདུ་ཞིག་བླུད་པ།།

སྔོན་བསགས་ལས་འཕྲོ་ཟེར་བའི་བཀོད་སྒྲིག་དེ་ཨེ་ཡིན།།


ལྟོགས་ན་མི་ཚོགས་ཁྲོད་ནས་བཟོ་ལྟ་ལ་མི་འཛེམ།།

དགོད་ན་གྲོང་ཁྱེར་དཀྱིལ་ནས་ཧབ་ཆ་དེ་སྒྲོག་མྱོང་།

བཤད་ན་གྲོགས་ཚོའི་ཟུར་ནས་ཁ་སྔོན་དེ་བླངས་ཀྱང་།།

ཁྱེད་འདུན་ང་ཡིས་བཀུག་པའི་བརྟུལ་ཞུགས་དེ་ཀྱེ་མཚར།།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容