རྩེ་མོ་རེ་ཡ་་་་་

                        སྐད་ཆ་རང་རེད།


དང་ཐོག་ཨག་གསར་ཆེ་བའི་ཕ་ཡུལ་ལགས།།

བར་དུ་རང་ཚུགས་ཤོར་བའི་ཕ་ཡུལ་ལགས།།

མཐའ་མར་རྗེས་སུ་ལུས་པའི་ཕ་ཡུལ་ལགས།།

ད་ལྟ་ཡོད་ཚད་དབེན་པའི་ཕ་ཡུལ་ལགས།།


ཕ་ཡུལ་གླེང་དགོས་ཟེར་བའི་གྲྭ་བ་མང་།།

ཕ་ཡུལ་བསྐྲུན་དགོས་ཟེར་བའི་སློབ་མ་མང་།།

ཕ་ཡུལ་ནུས་མེད་ཟེར་བའི་ན་གཞོན་མང་།།

ཕ་ཡུལ་ཕ་ཡུལ་ཟེར་ནས་གྲགས་རྒྱུ་མེད།།


ནོམ་པ་རིག་ན་ངོ་ཚ་མི་དགོས་ལ།།

ནོམ་པ་རིག་ན་དམ་ཚུགས་མི་སྲུང་ལ།།

ནོམ་པའི་ཆེད་དུ་གནས་ལུགས་མི་དགོས་བར།།

ནོམ་པའི་ཆེད་དུ་ལ་རྒྱ་དོར་ཡང་ཐུབ།།


བུ་ཕྲུག་སློབ་གྲྭར་མི་གཏོང་ཕྱུགས་རྫི་བྱེད།།

བུ་ཕྲུག་ཡོན་ཏན་བསླབ་ན་དོན་མེད་རབས།།

བུ་ཕྲུག་མིག་མེད་ལོང་བར་ཕུད་པའི་དུས།།

བུ་ཕྲུག་ལམ་སྣེ་མི་ཟིན་དེང་དུས་འདིར།།


གསར་བུ་འཁོར་བའི་ཁྲོད་ནས་འཁྲེལ་མེད་ཡིན་།།

གསར་བུའི་ནང་གི་རྒྱུ་ནོར་རིག་ཏུ་མེད།།

གསལ་བའི་རིག་གནས་མི་སློབ་ལས་རྒྱུ་མང་།།

གསར་བུའི་ཕྱི་ནས་མཐའ་མར་གླེན་རྟགས་སྟོན།།


སློབ་མ་ཤིས་རིག་གླིང་དུ་འགྲིམ་པའི་དུས།།

སློབ་མའི་ལག་ལ་ཕ་མའི་ངུལ་ཆུ་བཞག།

སློབ་མས་རིག་གནས་མ་སྦྱང་རང་འདུག་བྱས།།

སློབ་མ་ཕྱིར་ལ་ཐོན་དུས་མགོ་རྔ་མེད།།

                                                  • ཆོས༽མྱིང་མེད།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容