བརྒྱད་པ་སེམས་བསྐྱེད་བསྟན་པ་ལ།

图片发自简书App



བརྒྱད་པ་སེམས་བསྐྱེད་བསྟན་པ་ལ།

༧  སྨན་མཆོག་རྣམ་པར་རྒྱལ་བ་དེ། །

    ནད་རྣམས་ཀུན་ལ་སྙོམས་སུ་འགྲོ། །

    བྱང་ཆུབ་སེམས་བསྐྱེད་བསླབ་པ་དེས། །

    ཉོན་མོངས་ཀུན་གྱི་གཉེན་པོར་འགྲོ། །

ཞེས་པས་ནི།    དེ་ཡང་སྨན་རྣམས་ཀུན་ཀྱི་མཆོག་ཏུ་གྱུར་བ་ཨ་རུ་ར་རྣམ་པར་རྒྱལ་བ་དེ།  རླུང་མཁྲིས་བད་གན་སོགས་ནད་ཡོད་དོ་ཅོག་གི་གཉེན་པོ་རུ་སྙོམས་སུ་འགྲོ་བ་དང་།      དེ་བཞིན་དུ་བྱང་ཆུབ་སེམས་བསྐྱེད་ཀྱི་བསླབ་པ་དེ་ཞེ་སྡང་འདོད་ཆགས་གཏི་མུག་སོགས་ཉོན་མོང་པ་ཀུན་གྱི་གཉེན་པོ་རུ་འགྲོ་བ་ཡིན་ནོ་ཞེས་པའོ།

དེ་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་ནི་གོང་ལྟར་སྐྱབས་གནས་རང་གི་མདུན་ཀྱི་ནམ་མཁའ་ལ་བསྒོམ།    དེ་ལྟར་བསྐྱེད་པའི་སྐྱབས་གནས་ཡུལ་མཆོག་གནས་བཞི་ཡི་དམ་མཁའ་འགྲོ་སྲུང་མ་རྣམས།    ནམ་མཁའ་ལ་སྐར་ཚོགས་བཀྲ་བ་དང་།    བར་སྣང་ལ་སྤྲིན་ཚོགས་གཏིབས་པ་བཞིན་དུ་བཀྲ་དཔུང་ངེ།  འོད་ཐིབས་སེ་བཞུགས་ནས།

བདག་སོགས་སེམས་ཅན་རྣམས་ལ་སྤྱན་གྱིས་གཟིགས་ སྙན་གྱིས་གསན།  ཐུགས་སྐྱིས་དགོངས་ཏེ་སེམས་བསྐྱེད་ཀྱི་དཔུང་པོ་མཛད་པར་བསམ་ལ།    དེ་དག་གི་སྤྱན་སྔར་འདི་ལྟར་ནམ་མཁའ་ཁྱབ་པའི་སེམས་ཅན་ཐམས་ཅད་བདག་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད་དེ།    གཅིག་ཏུ་བདག་འཁོར་བར་འཁྱམས་ཡུན་རིང་།    གཉིས་སུ་གནས་མཐོ་དམན་ཀུན་ཏུ་བརྒྱུད་དེ་ལས་སྣ་ཚོགས་བླང་པའི་ཕྱིར།

ཕ་མ་གྱུར་པའི་ཚེ་ཟས་ཞིམ་དགུའི་གསོས་གོས་འཇམ་དགུའི་གཡོག་བརྩེ་བའི་སེམས་ཀྱི་བསྐྱོངས་ཏེ་ད་ལྟའི་ཕ་མ་དང་ཁྱད་མེད་བྱས་ཡོད་ན།    ཕ་མ་དྲིན་ཆེན་དེ་དག་ལས་ལོག་པར་ཞུགས་ལམ་ལོག་པར་འཁྱམས།  ལེགས་ཉེས་བླང་དོར་ནི་མི་ཤེས།  ཡང་དག་གི་ལམ་སྟོན་བཤེས་གཉེན་ནི་མེད།    བཤེས་མེད་ལོང་བ་ཐང་སྟོང་དུ་འཁྱམས་པའི་བདག་གི་མ་རྒན་འདི་རྣམས་སྙིང་རེ་རྗེ།  འདི་རྣམས་བདེ་བ་དང་ལྡན་པར་གྱུར་ཅིག།    སྡུག་བསྔལ་དང་བྲལ་བར་གྱུར་ཅིག།  བདེ་བ་དེ་དང་རྒྱུན་ཏུ་མི་འབྲལ་བར་གྱུར་ཅིག།   

ཆགས་སྡང་གི་ཉོན་མོངས་པ་དང་བྲལ་བར་གྱུར་ཅིག། 

དེ་ལྟར་བྲལ་ནུས་པར་སྐྱབས་གནས་དཀོན་མཆོག་གསུམ་པོས་བདག་ལ་བྱིན་གྱིས་རླབས་དུ་གསོལ་ལོ་སྙམ་དུ་སེམས་བརྩེ་གཅིག་དུ་བསྐྱེད་པར་བྱའོ།

༧  འཁར་བ་བཅང་དང་གསེར་ཉོ་གཉིས། །

    ཁྱད་པར་ཆེ་བ་ཇི་བཞིན་དུ། །

    བདག་དོན་བས་ཀྱང་གཞན་གྱི་དོན། །

    སེམས་བསྐྱེད་དགེ་སྤྱོད་ཁྱད་པར་ཆེ། །

ཞེས་པས་ནི།      དེ་ཡང་ལག་ལ་འཁར་བ་བཟུང་ནས་སློང་མོ་བྱེད་བཞིན་འགྲོ་བའི་སྤྲང་པོ་དང་།    གསེར་ཉོ་ནས་འགྲོ་མཁན་གྱི་ཚོང་དཔོན་གཉིས་ལ་ཧ་ཅང་གི་ཁྱད་པར་ཆེན་པོ་ཡོད་པ་ནང་བཞིན་དུ།    བདག་རང་གི་དོན་དུ་དགེ་བ་བསྒྲུབ་ནས་སེམས་བསྐྱེད་པ་ལས།    གཞན་སེམས་ཅན་ཀུན་གྱི་དོན་དུ་ཡིན་སྙམ་ནས་སེམས་བསྐྱེད་དེ་དགེ་བ་སྤྱོད་ན་གཞན་ལས་ཁྱད་དུ་འཕགས་པ་ཡིན་ནོ།

དེ་ཡང་གོང་ནས་བཤད་པའི་སེམས་བསྐྱེད་དེ་ལ་གནག་རྫི་ལམ་མཁན་གྲུ་པ་ལྟ་བུ་སེམས་བསྐྱེད་ཚུལ་གཉིས་ཡོད་པ་ཡིན་དེ།    དེ་ཡང་གནག་རྫི་ལྟ་བུ་དེ་ནི་གནག་རྫིས་ཕྱུགས་རྣམས་རྩྭ་ཆུ་རྙེད་པ་དང་།  གཅན་གཟན་སོགས་ཀྱིས་མི་འཚེ་བར་བྱས་ཏེ་སྔོན་དུ་དེད།  རང་ཉིད་དེའི་ཕྱི་བཞིན་འབྲངས་ཏེ་རྗེས་ནས་འོང་བ་དང་འདྲ་བར་སྔོན་མ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་ནས།    དེའི་རྗེས་སུ་རང་ཉིད་སངས་རྒྱ་བར་འདོད་པ་དང་།    ལམ་མཁན་ནི་དང་པོར་རང་ཉིད་ཀྱིས་ལམ་ཤེས་པར་བྱས་ནས་རང་ལ་ལམ་རྒྱུས་ཡོད་པ་དང་།    དེའི་རྗེས་སུ་གཞན་མ་རྣམས་ལ་ལམ་བསྟན་ནས་ཁྲིད་པ་དང་འདྲ་བར་ཐོག་མར་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱས་ནས།    དེའི་རྗེས་སུ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་འདོད་པ་ལམ་མཁན་ལྟ་བུ་དང་།    གྲུ་པ་ནི་རང་དང་གྲུར་ཞུགས་པའི་མི་ལ་སོགས་པ་ཐམས་ཅད་མཉམ་དུ་ཆུའི་ཕ་རོལ་ཏུ་འགྲོ་བར་འདོད་པ་ལྟར།    རང་དང་གཞན་སེམས་ཅན་ཐམས་ཅད་དུས་གཅིག་ལ་མཉམ་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པ་གྲུ་པ་ལྟ་བུའོ།   

དེ་ལྟའི་སེམས་བསྐྱེད་ཀྱི་རྩིས་ཟིན་ན་དགེ་བ་གང་དང་གང་བསྒྲུབ་ན་སྟོབས་ཆེ་བ་དང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་མ་ནོར་བར་འགྲོ་བས་སེམས་བསྐྱེད་ཀྱི་ཟིན་པ་གལ་ཆེའོ།

༧  ཅི་སྲིད་རྒྱ་མཚོ་མ་ཟད་པར། །

    དེ་སྲིད་ཆུ་བོ་མི་ཟད་བཞིན། །

    ཅི་སྲིད་འཁོར་བ་མ་སྟོངས་བར། །

    དེ་སྲིད་བྱང་སེམས་མི་འཛད་དོ། །

ཞེས་པ་ནི།    དེ་ཡང་ཅི་སྲིད་མཐའ་ཡི་རྒྱ་མཚོ་ཆེན་པོ་དེ་ཉིད་མ་ཟད་ཀྱི་བར་དུ།    དེ་སྲིད་རྒྱ་མཚོར་ཐིམ་པའི་ཆུ་ཕྲན་དང་ཆུ་བོ་ཐམས་ཅད་ཀྱང་མི་འཛད་པ་བཞིན་དུ།

ཅི་སྲིད་འཁོར་བ་མཐའ་མ་སྟོངས་ཀྱི་བར་དུ།    དེ་སྲིད་བྱང་སེམས་དང་བྱང་སེམས་ཀྱི་ཟིན་པའི་དགེ་རྩ་དང་བསོད་ནམས་ཀྱི་ཚོགས་དག་ནི་ཟད་པར་མི་འགྱུར་རོ།

དེས་ན་དེ་ལྟའི་སེམས་བསྐྱེད་དེ་ཁམས་གསུམ་སེམས་ཅན་ཀུན་གྱི་དོན་དུ་སྨོན་ཅིང་འཇུག་ལ་བསླབ་ཅིང་བསྒྲུབ་ཏེ།

དང་པོ་རང་ཉིད་གཙོ་བོར་འཛིན་པའི་སེམས་བསྐྱེད་སྤོང་བར་བྱ་ཞིང་སྙིང་རྗེ་དང་པོ་རྩ་བའི་མ་ལ་དམིགས་ནས་བསྒོམ་གསུངས་པ་ལྟར།    དང་པོ་འདི་ལྟར་རང་ལ་དུས་དང་རྣམས་པ་ཐམས་ཅད་དུ་བདེ་བ་དང་སྐྱིད་པ་སོགས་ལེགས་པའི་རྒྱུ་ཅི་ཙམ་ཡོད་ན་འདོད་པ་བཞིན་དུ་སེམས་ཅན་གཞན་རྣམས་ཀྱང་དེ་བཞིན་འདོད་པས་རང་རང་སོ་སོའི་འདོད་པ་བཞིན་དུ་འབྱུང་བར་གྱུར་ཅིག་སྙམ་དུ་བདག་གཞན་མཉམ་པར་བྱ་བའི་སེམས་བསྐྱེད་ལ་འབད་ཅི་ཐུབ་བྱ་ལ།    དེ་ནས་སྡུག་བསྔལ་གྱི་ཤིན་ཏུ་གདུང་བའི་སེམས་ཅན་ལ་འདི་འདྲའི་སྡུག་བསྔལ་གྱི་མནར་ཞིང་བཟོད་བླག་མེད་པ་འདི་ང་དང་ངའི་ཕ་མ་ཡིན་ན་ཅི་བྱེད་སྙམ་པའི་ངང་ནས་ཕ་རོལ་པོའི་སྡུག་བསྔལ་ཡོད་ཚད་རང་རྒྱུད་ལ་བླང་ནས་ཕ་རོལ་པོ་སྡུག་བསྔལ་དང་བྲལ་ན་ཅི་མ་རུང་བདེ་བ་དང་ལྡན་ན་བདག་རེ་དགའ་སྙམ་དུ་བདག་གཞན་བརྗེ་བའི་སེམས་བསྐྱེད་ལ་བསླབ་པར་བྱའོ།

དེ་ནས་ཀྱང་གཞན་སེམས་ཅན་འཁོར་བར་འཁྱམས་ཤིང་སྡུག་བསྔལ་ལ་སྤྱོད་པ་འདི་དག་སྙིང་རྗེ་དྲག་པོ་ཤས་མི་བཟོད་པའི་ངང་ནས་འདི་དག་བདེ་བ་དང་ལྡན་ན་བདག་དམྱལ་བར་ཡིན་ཀྱང་འགྲོ་སྙམས་ཤིང་དངོས་སུའང་གཞན་ཀྱི་སྡུག་བསྔལ་རང་ཐོག་ཏུ་ལེན་ཅི་ཐུབ་ལ་རྩེ་གཅིག་ཏུ་འབད་པ་ནི་རང་བས་གཞན་གཅེས་ཀྱི་སེམས་བསྐྱེད་ཞེས་བྱའོ།      དེ་ལྟར་སེམས་བསྐྱེད་པའི་དགོས་པ་ནི།

དེ་ལྟར་བོན་ཐམས་ཅད་ཀྱི་ཉིང་ཁུ།  ལམ་ཐམས་ཅད་ཀྱི་སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་རྒྱུད་ལ་སྐྱེས་པ་ཙམ་གྱིས་དགེ་བའི་རྩ་བ་ཅི་བསགས་པ་ཐམས་ཅད།  འཁོར་བའི་དྲི་མས་གོས་པར་མི་འགྱུར་བ་དང་། 

ཁོང་ཁྲོ་སོགས་ཉོན་མོངས་དབང་གི་དགེ་བ་མི་འཛད་པ་དང་།    དུག་ལྔ་ལ་སོགས་བདག་འཛིན་ཐ་དག་དྲུང་ནས་འབྱིན་པ།    ཚེ་འདི་ཕྱི་གཉིས་ཀྱི་བསམ་པ་ཅི་བཞིན་ཏུ་འགྲུབ་པ་ལ་སོགས་ཕན་ཡོད་བསམ་གྱི་མི་ཁྱབ་པ་ཡོད་དོ།

དེས་ན་དུས་དང་རྣམ་པ་ཀུན་ཏུ་སེམས་བསྐྱེད་ཀྱི་གྲོགས་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཕར་་ཕྱིན་བཅུ་ལ་བསླབ་པ་དང་།    དངོས་གཞི་བདག་གཞན་བརྗེ་བ་སོགས་ཡང་དག་པའི་སེམས་བསྐྱེད་ལ་བསླབ་པ་ཅི་ནུས་ཀྱང་གལ་ཆེའོ

གཞུང་དོན་བརྒྱད་པ་སེམས་བསྐྱེད་བསྟན་པའོ།

©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 203,772评论 6 477
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 85,458评论 2 381
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 150,610评论 0 337
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 54,640评论 1 276
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 63,657评论 5 365
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 48,590评论 1 281
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 37,962评论 3 395
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 36,631评论 0 258
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 40,870评论 1 297
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 35,611评论 2 321
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 37,704评论 1 329
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 33,386评论 4 319
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 38,969评论 3 307
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 29,944评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 31,179评论 1 260
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 44,742评论 2 349
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 42,440评论 2 342

推荐阅读更多精彩内容