དུས་ཀྱི་མདའ་མོ་རྟ་པོའི་བང་རྩལ་ལ་འགྲན་ཡང་ ཕུགས་
བསམ་གྱི་གཞུ་མོ་མཐའ་ཡས་མི་ཚོགས་ཀློང་ནས་གང་ནས་
གང་ལ་འཆས་པ་དང་ གངགི་ཆེད་འགྲོ་བ་ད་ལྟ་ཡང་ཐེ་
ཚོམ་དང་སོམ་ཉིའི་དྲ་རྒྱར་ཚུད་།།
ཁ་སང་ གཅིག་བྱས་ན་ང་རང་ལོ་ན་ཕྲ་བས་ལན་ བསམ་རྒྱ་ཆུང་
ལ་ བལྟ་རྒྱ་ཐོས་རྒྱ་མེད་ གཅིག་བྱས་ན་ང་རང་སྒྱིད་
ལུགས་ཆེ་བས་ལན་ ཞེན་ཆགས་ཆེ་ལ་ཡར་བརྩོན་བསམ་
པས་དབེན་།།
དེ་རིང་ ང་ནི་སྔར་བཞིན་ཁ་སང་གི་ཀླད་མེད་དེ་ ང་ལ་ཐོབ་པ་ནི་
གཏམ་འདོད་དང་ངོ་ཚ་ ང་ལ་ཡོད་པ་ནི་བླུན་རྨོངས་དང་
འདོད་སེམས་ ངས་ཤེས་པ་ནི་ཕྱི་རྫིག་ནང་སྟོང་གི་ཕྱག་
རྒྱ་།།
ལོ་གཅིག་གི་གོང་ལ་ ང་ནི་ཚང་མས་ཡིད་སྨོན་བྱེད་སའི་
སློབ་གྲྭ་ཆེན་མོ་བ་ཞིག་ དཀར་གཙང་ཁ་བཏགས་དགའ་
སྤྲོའི་ངང་ནས་གྱོན་ བརྟེན་འབྲེལ་མཚོན་བྱེད་གསུམ་
བསྒྲོན་མཉེས་ཐག་བྱས་ ཕུགས་བསམ་གླེང་བཞིན་ཡིད་
མཆེད་རེ་བས་ཁེངས་ ངོ་མ་ སློབ་གྲྭ་ཆེན་མོ་ནི་མུ་མཐའ་
མི་མངོན་པའི་མཐའ་ཡས་རྒྱ་མཚོ་དང་འདྲ་ཞིང་ཤེས་རིག་
ནོར་བུས་རྒྱ་མཚོའི་རྦ་རླབས་ལ་འགྲན་།།
ཐོག་མར་ ང་རང་ ཨ་སར་རམ་ཡ་མཚན་ཡང་ན་དད་
མོས་སམ་དགའ་ཞེན་ གང་ལྟར་སྦྱངས་འདོད་ཀྱི་འདུན་པ་
དྲག་ཏུ་འཕྱོར་ཞིང་ཐམས་ཅད་ཐམས་ཅད་སློབ་པར་སྤྲོ་
འོན་ཏེ་ ཨ་སར་རྟ་ལས་མགྱོགས་ མཇུག་མ་ལོ་ལས་
འཐུང་ཞེས་པའི་དཔེ་ལྟར་ཉི་མས་གཟའ་འཁོར་བསྐྱལ་
གཟའ་འཁོར་གྱི་ཟླ་བ་ལ་འགྲོ་དུས་ ང་ནི་ སྒྱིད་ལུགས་
གྲོགས་སུ་འཛིན་ ངོ་ཚ་དགེ་རྒན་རུ་བརྟེན་ གཏམ་འདོད་
གཏན་གྲོགས་སུ་སེམས་ནས་ དེ་རིང་གི་བྱ་བ་གསང་ལ་
གཡུགས་ གསང་ཉིན་གི་ལས་ཀ་གནངས་ལ་ཕུད་ནས་རིན་
ཆེན་དུས་ཚོད་བདའ་བར་བྱས་།།
ད་གཟོད་གདངས་རྒྱག་ལ་རོལ་དུས་ གཞི་ནས་ངས་དོན་
མེད་དུ་བསྐྱལ་བ་དེ་དག་ལང་ཚོ་ཡིན་པ་མཚོར་ ངོ་མ་
འགྱོད་གིས་ཡྰ་ འོན་ཀྱང་ད་ཆ་ངས་ལོས་ཐུབ་པ་ནི་ སྔར་
སོང་རྒྱབ་བསྐྱུར་དང་རྟ་ཁ་གཡང་ས་ནས་བཅུད་དེ་སླར་
ཡང་ཕུགས་བསམ་གྱི་ལམ་ཕྲན་ཐོག་འབད་བརྩོན་གྱི་རྟ་ཕོ་
དང་གྲོགས་རྒྱུ་དེ་ག་ཙམ་།།
དེར་བརྟེན་ ད་ལྟ་ཕུགས་བསམ་གྱི་ཁ་ཕྱོགས་མ་ཤེས་པའི་
ན་ཟླ་རྣམས་ མགྱོགས་མྱུར་ངང་རྟ་ཁ་གཡང་ས་ནས་
བཅུན་ཐུབ་པར་སྨོན་།།