རང་གི་འདོད་པ་ལྟར་གྱི་མི་ཞིག་བྱས་ན།

རང་གི་འདོད་པ་ལྟར་གྱི་མི་ཞིག་བྱས་ན།  སྤྱི་ཚོགས་ཟུར་མང་པོ་ཞིག་ནས་ཁྱོད་ལ་གནོད་ཤུགས་དང་ཡི་ཆད་མང་པོ་ཞིག་འབྱུང་བ་རེད། སྐབས་རེར་འཕྱ་སྨོད་དང་ཁེར་རྐྱང་དུ་ལུས་ནས་རང་གིས་ཀྱང་རང་ཉིད་བློས་བཏང་འདུག་སྙམ་པའང་མང་པོ་འབྱུང་སྲིད།  སྐབས་དེར་ཁྱོད་རང་འགྱོད་པ་སྐྱེས་ནས་སླར་ཡང་འགོ་ཞིག་བརྩམ་ཆོག་རྒྱུ་ན་བསམ། ཡིན་ཡང་གཏན་ནས་དེའི་ཕྱོགས་བརྩོན་ལེན་བྱེད་མི་རུང་།  རྒྱུ་མཚན་དེ་ནི་རི་བོང་རི་བོང་ཤོར་དང་སྡོམ་པ་སྡོམ་པ་ཤོར་གྱི་དཔེ་ལས་ཐོབ་བྱ་དབེན།  ཁྱོད་ཀྱིས་མཐོང་ཐོས་མྱོང་གསུམ་གྱི་རྒྱ་ཆེ་བསྐྱེད་དེ་མུ་མཐུད་དུ་རང་གི་ལམ་ལ་འགྲོ་དགོས། འུ་ཐུགས་ཐབས་ཟད་གང་ལའང་འཕྲད་ཀྱང་བློ་མ་ཕམ་པར་རང་ཉིད་བློས་མ་བཏང་བར་ལངས་དགོས།  དེ་ལྟར་ནུས་པ་ནས་བཟུང་ཁྱོད་ལ་རྡོ་རྗེའི་སྲོག་ཐོགས་མེད་ཀྱང་རྡོ་རྗེའི་གཟུངས་གཞུག་ཡོད་པས་ནམ་དུ་ཡང་རྒྱལ་ཁའི་བདག་པོ་ཡིན། ང་ཚོས་གཞན་ལ་རེ་བ་བརྒྱག་པར་གཏན་ནས་ངོ་ཚ་མི་རུང་།  རྒྱུ་མཚན་གཞན་ལ་མ་བསྟེན་པའི་བྱ་དངོས་གང་འཇིག་རྟེན་དུ་མེད། ང་ཚོས་འཕྲལ་དུ་གཞན་ལ་བསྟེན་ནས་ཕུགས་སུ་རང་ལ་བསྟེན་པ་དགོས་པ་ཞིག་སྒོམ་སྔོན་དུ་བསྐྱོད་ན་གཟོད་ཁྱོད་གཞན་ལས་རྒྱལ་ཐུབ་པ་མ་ཟད་རང་ལ་བདག་པོ་བརྒྱག་ཐུབ།  དེ་ཡང་རྒྱལ་ཁ་ཆེན་པོ་ཞིག་ཡིན།

                                                      ཏཱ་ནི་དབྱངས་སྐྱེས།

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

友情链接更多精彩内容