བཀྲ་ཤིས་བདེ་ལེགས།
བོས་ན་ཨ་ལན་མངགས་ན་ཡ་ལན་ཅན།།
གཞན་རྒྱུ་ལེན་པའི་ཐབས་ལ་མི་བརྩོན་པ།།
རང་གི་འཚོ་བ་རང་གིས་འཚོལ་མཁན་མ།།
ཨ་མདོའི་བུ་མོ་མཛངས་མ་ངས་ཅིག་བསྟོད།།
གཞན་སེམས་བསླུ་བའི་ལམ་ལ་མི་གོམ་པ།།
གཞན་རྒྱུ་ལེན་པའི་ཐབས་ལ་མི་མཁས་པ།།
མདོར་ན་ལམ་ག་འདི་ལ་མི་ལོབ་པའི།།
ཨ་མདོའི་བུ་མོ་མཛངས་མ་ངས་ཅིག་བསྟོད།།
ཁ་བརྡ་བཤད་ན་མགོ་རྐང་ཡོད་མཁན་མ།།
སྙིང་གཏམ་བརྗོད་ན་དྲང་གཏམ་ཡིན་མཁན་མ།།
ཁ་ཡག་ཁོག་ནག་ཁྱོན་ནས་མེད་པ་ཅན།།
ཨ་མདོའི་བུ་མཛངས་མ་ངས་ཅིག་བསྟོད།།
དཀོན་མཆོག་གསུམ་དང་རྩ་བའི་བླ་མ་དང་།།
ཕ་མ་ཁྱོ་ག་མ་གཏོགས་མི་མཁོ་བ།།
དམ་བཅའ་བརྟན་ཚུགས་འགྱུར་རྒྱུ་མེད་པ་ཅན།།
ཨ་མདོའི་བུ་མོ་མཛངས་མ་ངས་ཅིག་བསྟོད།།