བ་སྤུ་ན་བས།

图片发自简书App


དོན་མི་འཆར་བའི་ཀ་ལ་པིང་ཀ་ཉིན་རེ་ཐེངས་རེ་བོས།།

མཐོང་མཐོང་རིག་རིག་ལ་གཟུགས་མེད་སྙམ་དུའང་ཨུ་ཚུགས་བྱས།།

ཟླ་གམ་འོག་ནས་དགེ་བསྐོས་ཀྱི་གཉེར་རིས་ཡང་ཡང་ཤར།།


རྒྱལ་དང་རྒྱལ་སྲས་ཕ་བུ་ཨེ་རེད་ཟེར་ནས་ཐལ་བ་འཕངས་ཤིང་།།

འགོག་བདེན་ལ་མིག་བཙུམ་ནས་ནོམ་ཉུག་ཨེ་ཐུབ་ཀྱང་བལྟས་མོད།།

མུན་ནང་དུ་ཆར་བྱོ་བའི་དམིགས་རྣམ་ཞིག་ལས་གང་ཡང་མ་བྱུང་།།


ཐུབ་བསྟན་སྙིང་པོ་སེམས་ལ་བརླན་འདེབས་པའི་དབྱར་ཁ་རེད་དེ།།

ཐལ་སྒྲ་དང་ཚག་སྒྲའི་བར་ནས་མེ་འབར་ཞིང་དུ་བ་འཐུལ་འོང་།།


བུ་རམ་ཤིང་ཤུན་ཟ་གིན་ཟ་གིན་སྙིང་པོ་གླེང་སྟེ།།

གཉིད་མ་སད་པའི་རྐང་འགྲོས་ཤིག་གིས་མི་ཚེ་འགྲོ་དགོས་པ་ཨེ་ཡིན།།


ཁ་ལྕེ་ལ་མི་ཐོགས་པའི་ཡི་གེ་སྨྱོན་པ་འདི་འདྲ་བ་ཡང་།།

བཅད་ལྷུང་གང་ཡང་མིན་པར་མཚམས་རེ་སྦྱར་ཏེ་ངལ་གསོ།།


2016-12-25--------2143-10-27ལ།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容