འདས་སོང་ལོ་ཟླ།

         ཕྱིར་འདང་ཞིག་བརྒྱབ་ན་འདས་སོང་གི་ལོ་ཟླ་ནི་རྩྭ་ཐང་གི་བུ་མོ་ངས་འབྲོག་པའི་ལྷས་ར་ལ་གྱེས་གཏམ་བཤད་པའི་བརྒྱུད་རིམ་ཞིག་སྟེ།་འདིའི་ནང་ན་བྱིས་དུས་ཀྱི་རྩེ་ར་ཡོད་ལ་ངའི་མི་ཚེ་ཡི་འཁྱོག་མགོ་ཡང་ཡོད།

      ང་རང་ཆུང་དུས་ཧ་ཅང་ཆོས་འདོན་རྒྱུར་དགའ་བོ་ཡོད།གྱང་རྩ་ཞིག  ཡང་མིན་ན་ཐང་ཡངས་ས་ཞིག་ལ་སོང་ནས་གནམ་མཁའི་ཉི་མ་ལ་བལྟས་ཏེ།ངའི་བྱམས་ལྡན་ཕ་མ་གཉིས་ཀྱི་སྐུ་ཚེ་ལ་བར་ཆད་མེད་པ་དང་མི་ཚེ་འདིར་ངས་ཁོང་གཉིས་ལ་ཞབས་ཏོག་ཡག་པོ་ཞིག་སྒྲུབ་ཐུབ་པའི་སྨོན་ལམ་རྒྱུན་པར་འདེབས་སྲིད།ཨ་ནེ་ཚོས་ང་ལ་བྱིས་པ་ཞིག་ཏུ་མ་རིག་པར་རྒན་གཏམ་འདྲ་བྱས་ཏེ་ཟེར་ནས་འཕྱ་སྨོད་བྱེད་ཀྱིན་འདུག ཕུ་བོ་སློབ་གྲྭ་ལ་བུད་སོང་།ངས་ཡངས་བའི་རྩྭ་ཐང་ནས་ཨ་མ་དང་ལྷན་དུ་ནོར་ནག་གི་སུག་རྗེས་འགྲིམས་པ་ཡིན།

    ཨ་མ་ལ་འཇོ་བའི་འོ་མ་སུས་མང་དང་རྫི་གྲོགས་ཚོ་ལ་རྟ་གཤིབ་གཡག་གཤིབ་བྱེད་རྒྱུ་ནི་ངའི་ལས་དབང་དང་འབྲེལ་བའི་བྱིས་དུས་ཀྱི་ཆེས་དགོད་སྒྲ་ལྡན་པའི་རྩེ་ར་ཡིན་ལ།མ་ཤེས་མ་གོ་མ་རིག་གསུམ་ནི་ངའི་སེམས་ཤེས་པ་ནས་བཟུང་ཨ་མ་ལགས་གྱིས་ང་ལ་གནང་བའི་གདམ་ངག་གམ་སློབ་གསོ་ཡིན།མོས་རྒྱུན་དུ་ང་ལ་རི་ཁྱིམ་གང་ན་ཡོད་ཀྱང་མ་ཤེས་ཤེས་ཁུལ་མ་བྱེད།མ་གོར་གོ་ཁུལ་མ་བྱེད།མ་རིག་པར་རིག་ཁུལ་མ་བྱེད་སོགས་ཟེར་སྲིད།ཁྱིམ་ཚེས་གཡས་གཡོན་གྱི་ན་ཟླའི་ཚོའི་ཁྲོད་ན་བཞོན་མ་དང་རྫི་བུར་ང་ལ་དོ་ཟླ་མེད་པས་འབྲོག་མི་ཚོས་མངགས་བརྗོད་མེ་ཏོག་གི་ཕྲེང་བ་དེ་ངའི་བྱིས་བློའི་ཡིན་མདོག་བཟི་དཔལ་ལ་བསྡོངས་ཏེ་འཚོ་བའི་ཁ་དོག་ལ་གྱུར།

          ནུབ་ཅིག་ངས་རྨི་ལམ་ཞིག་རྨིས།ནངས་མོ་སད་དུས་སྣང་བ་ཞིག་ལ་རྟེན་འབྲེལ་ཞིག་ཡོད་པ་དང་སེམས་ལ་ཆེས་བདེ་སྐྱིད་ཅིག་ཐོབ་འདུག་པའི་སྣང་བ་སྟེར། རྨི་ལམ་དེ་ནི་ང་རང་གཅིག་པུ་སྨུག་པ་ལང་ལོང་ཞིག་གི་ནང་ན།གཙང་བོ་ཆེན་པོ་ཞིག་གི་འགྲམ་རྒྱུད་དེད་དེ་འགྲོ་བཞིན་འདུག དངངས་སྐྲག་དང་འཁྱག་ལྟོགས་ཀྱི་མནར་ལ།གལ་འགྲོ་དེར་འགྲོ་ཡང་ཤེས་བཞིན་མེད།ཏག་ཏག་སྐབས་དེར་ཆུ་འགྲམ་དེ་ནས་གྲྭ་བ་ཞིག་ལ་འཕྲད་བྱུང་།ཁོང་གི་བཞིན་འཛུམ་གྱི་མདངས་ནས་གསུངས་ཚིག་མ་ཐོར་ཡང་།འབྲས་ཐིགས་དཀར་ཡོལ་གང་གིས་ངའི་ད་སྔོན་གྱི་སྡུག་བསྔལ་མཐའ་དག་གཞི་ནས་ཉིལ་བར་བརྩམས་སོང།ཕར་ལ་སོང་དུས་སྨུག་པ་དེ་ཇེ་དྭངས་ཡིན་ལ།ང་འགྲོ་བའི་ལམ་ཕྱོགས་ཀྱང་རྙེད་བྱུང་།ཡིན་ནའང་།གློ་བུར་དུ་སྟོན་ཞོགས་ཅིག་གི་བ་མོ་དེ་དལ་བར་དལ་བུའི་མཁའ་ལ་འཕགས་ཏེ་གནམ་སའི་འདྲེས་མཚམས་སུ་གྱུར་བའི་ཚོར་འདུ་བླུད་ལ།མཛེས་པའི་ཁ་དོག་ཅིག་སྨུན་སྤྲིན་ལ་འཐིམ་ནས་ཡངས་ཤིང་ཆེ་བའི་ཐང་གཞུང་ནས་ཡོངས་ཁྱབ་ཏུ་ལྡིང་སྟེ་ང་ཡི་མཐོང་ལམ་གྲིབ་པ་ཡང་རྟོགས་བྱུང་།གང་ལྟར་དད་འདུན་ཞིག་དང་བཀའ་དྲིན་ཞིག་སྙིང་རྩར་སྒྲོན་ཏེ་ལམ་དུ་ཆས་འདང་བྱས།གློ་བུར་གོང་སྨེ་འཐེན་གྱིན་འདུག  ཨ་མ་ལགས་ཀྱིས་སྐྱ་རེངས་ཤར་འདུག བཞོ་ཟེའུ་ཁྱེར་ནས་མྱུར་མོར་ལྷས་ར་ལ་ཤོག་ཟེར།

       ང་ལོ་བཅོ་ལྔའི་སྐབས་ཀྱི་ལོ་དེའི་སྟོན་ཁ་གོང་རིམ་གྱིས་ངེས་པར་དུ་ལོ་བཅོ་བརྒྱད་མ་ལོན་པའི་ན་གཞོན་ཚང་མ་ལོ་དགུའི་འོས་འགན་སློབ་གསོ་མྱོང་དུ་སློབ་གྲྭར་ཡོང་དགོས་ཟེར་ཏེ་རྩ་ཁྲིམས་ལྟར་ཁྱིམ་བདག་དག་ལ་བུ་ཕྲུག་ཚོ་སློབ་གྲྭར་མངགས་དགོས་པའི་ཟླ་ཡིག་སྐུར་བྱུང་།ང་ཡང་མ་སོང་ཚད་མེད་རེད།ངས་སློབ་གྲྭའི་སྒོ་ཐེམ་བརྒལ་དུས་སློབ་གྲོགས་ཆུང་ཆུང་ཚོས་དཔེ་ཀློག་གི་དབྱངས་རྟའི་ཁྲོད་ནས་ང་ལ་རྟོགས་མི་ཐུབ་པའི་སྐྱོ་སྣང་ཞིག་དང་ཡིད་སྨོན་ཞིག གནས་འདི་ངའི་ཕུགས་བསམ་ཁྲོད་ཀྱི་ལྷ་ཡུལ་རེད་བསམ་པའི་འདུ་ཤེས་ཤིག་དང་གཏན་དུ་གནས་འདི་ལ་གྱེས་ཚིག་འབུལ་འདོད་མེད་པའི་སྣང་ཞིག་འཆར་ལ།སེམས་ཀྱི་དྭངསས་ཀ་ནས་འབྲོག་པའི་འཁོར་བ་ལ་སུན་སྣང་ཞིག་སྐྱེས་བྱུང་།༼སློབ་གྲྭ དགེ་རྒན། སློབ་མ། དཔེ་ཆ། འབྲི་དེབ། སྨྱུ་གུ ༽ངའི་དབང་བོ་ལྔ་ཡི་ཚོར་བའི་སྒོ་ན་ཤི་བོའི་བླ་སྲོག་ཀྱང་འགུག་ཐུབ་པའི་སྙན་འཇེབས་ཀྱི་སྒྲ་གདངས་ཤིག་ལ་གྱུར་འདུག  ཡིན་ནའང་།སློབ་གྲྭའི་ནང་ལ་ཐོན་མ་ཐག་སློབ་གྲྭས་སློབ་མ་ཚོ་སྡེ་ཁག་སྡེ་ཁག་བྱས་ནས་བགོས་ཏེ་སློབ་མ་ཚོའི་མིང་ཐོ་འདོན་རྒྱུ་དགེ་རྒན་ཚོས་སྦྱངས་འདར་བྱེད་པ་ལས་ཡི་གེ་མི་ཁྲིད་ལ་ཁྲིད་ཀྱང་མགོ་ཁྲིད་ཡོང་དུས་འདི་ལྟར་བྱེད་དགོས་ཟེར་ཏེ་གོ་བདེའི་ཚིག་རེ་སྨྲ་ལྕེ་ལ་བྱང་དུ་བཅུག་ནས་རྐུབ་སྟེགས་ལ་རྣམ་པ་འདུག་སྟངས་ཙམ་ཁྲིད།གོ་ཐོས་ལྟར་ན་གོང་རིམ་ནས་ལྟ་རྟོགས་སམ་སྡེ་བ་རེ་རེའི་སློབ་མའི་ཁ་གྲངས་ཞིབ་བཤེར་བྱེད་པའི་མགོ་བ་ཞིག་སློབ་གྲྭའི་ནང་ལ་ཡོང་གི་ཡོད་པས་ང་ཚོར་རྒྱ་སྐད་ཀྱི་ཡོད་ཟེར་ཚུལ་དང་འཕྲེང་སྒྲིག་སྟངས་སོགས་ཁྲིད་དེ་ཉིན་རྒྱུན་ཉི་མར་ལྡེ་རུ་བཅུག གསར་བསྡུས་སློབ་མ་ཚོས་སློབ་གྲྭ་ལ་ཁྲིམས་ཁང་ཞེས་འབོད་ཀྱིན་ཡོད་ལ། དགེ་རྒན་ཚོས་ང་ཚོར་ཅུང་ཙམ་བཟོད་དང་མང་ན་ཟླ་ཕྱེད་ཙམ་ནས་ཁྱེད་ཚོ་ཕྱིར་ཡུལ་ལ་གཏན་འགྲོ་བྱས་ཆོག་ཟེར།ངེད་ཁྱིམ་མཚེས་ཚང་གི་ཨེ་ནེ་རྒན་མོའི་བུ་མོ་སློབ་གྲྭར་མངགས་བས་སེམས་ཁམས་ན་སྟེ་བཅའ་བ་སྐུ་རིམ་བསྲིབས་ཡོད་རབས་དང་སྨན་ཁང་ལ་འགྲོ་བཞིན་ཡོད་པ་སོགས་ཀྱང་ཁྱིམ་བདག་ཚོའི་ཁ་ན་རླུང་འཁུར་བྱེད་བཞིན་འདུག   ང་ལ་ཁོམ་པ་ཅུང་ཙམ་རེ་བྱུང་ན་སློབ་གྲོགས་ཆུང་ཆུང་ཚོའི་སློབ་ཁང་གི་སྒེའུ་ཁུང་ན་ལྐོག་ལྟ་བྱེད་བཞིན་ཡོད།

            མཚམས་ཤིག་ལ་ངས་གྲོགས་མོ་དག་ལ་ཁ་བརྡ་བྱས་ཏེ་ང་ཚོས་མཉམ་དུ་སློབ་གྲྭར་འགྲིམས། ང་ཚོས་མཉམ་དུ་དཔེ་ཆ་ཀློག་བྱེད།   འབྲོག་པའི་འཁོར་བ་བསྐྱར་ཟློས་རྐུབ་མེད་རེད་ང་ཚོ་མི་ཚེ་རིན་མེད་དུ་བཞུར་བ་ཙམ་སོགས་ཟེར་ཏེ་རང་གི་ཤེས་ཚོད་ཀྱིས་གྲོགས་མོ་ཚོ་ལ་ཁ་བརྡ་སྐུལ་ཡང་།ཁོང་ཚོས་ང་ལ་ཁོང་དགོད་ཅིག་དང་ཆབ་ཏུ་ཁྲིམས་ར་འདིའི་སྒོ་ནས་ནམ་ཞིག་ལ་ཕྱིར་འབུད་ཐུབ་རྒྱུ་རེ་སྒུག་བྱས་ཡོད་ཟེར། ངའི་རྗེས་ལ་གྲོགས་མོ་གཅིག་ཀྱང་ཡོང་རྒྱུ་མ་རྙེད།ཡིན་ནའང་།ང་རང་ཉིད་སློབ་གྲྭར་འགྲོ་རྒྱུའི་དམ་བཅའ་བཞག་སྟེ་ཨ་ཕ་ཨ་མ་གཉིས་ལ་རང་གི་རེ་འདོད་བཤད་པ་ཡིན།ཁོང་གཉིས་ཀྱིས་འགྱོད་པ་དང་བཅས་ང་ལ་ཧ་ཅང་རྒྱབ་སྐྱོར་ཐོབ་ལ།སྡེ་མི་རེ་འགའི་ངའི་དོན་ལ་སེམས་ཁུར་བྱས་ཏེ་ཆེད་དུ་ངེད་ཚང་ལ་ཡོང་སྟེ་བུ་མོ་འདི་འདྲའི་ལོ་ཚོད་ཅིག་ལ་ཐོན་པའི་སློབ་གྲྭར་མངགས་ན་ཡི་གེ་སློབ་ཐུབ་རྒྱུ་ཕལ་ཞོག ཁྱེའུ་ཕྲུག་ཅིག་ཁུར་དུ་མངགས་པ་རེད་སོགས་ཟེར་ནས་ཨ་ཕ་ཨ་མ་གཉིས་ལ་ཁ་ལ་བྱེད་ཀྱིན་འདུག   རང་ཉིད་སློབ་གྲྭར་ཆས་སོང་།

        དེ་རིང་གི་སྐབས་འདིར་ངའི་རང་ཉིད་ཀྱི་དགའ་སྐྱོའི་ཚོར་བ་ཐན་ཐུན་དང་རྙིང་མ་རུལ་གྱི་བསམ་བློ་དག་སྨྱུག་རྩེ་ལ་སྒྲོན་ཏེ་ལམ་དང་འདུན་པ་མཐུན་པའི་སྙིང་གི་གྲོགས་མོ་ཚོར་ངའི་རྨི་ལམ་དེ་རྒྱུན་དུ་སྟས་བཟང་ཞིག་ལ་བསྒོམ་པ་ཡིན་ཟེར་ཧབ་ཆ་སྒྲོག

                                                            མ་བཟང་བུ་མོས་་་་

                                                               2016/ 3/ 26

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 194,088评论 5 459
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 81,715评论 2 371
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 141,361评论 0 319
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 52,099评论 1 263
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 60,987评论 4 355
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 46,063评论 1 272
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 36,486评论 3 381
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 35,175评论 0 253
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 39,440评论 1 290
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 34,518评论 2 309
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 36,305评论 1 326
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 32,190评论 3 312
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 37,550评论 3 298
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 28,880评论 0 17
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 30,152评论 1 250
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 41,451评论 2 341
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 40,637评论 2 335

推荐阅读更多精彩内容