2017-12-02

图片发自简书App

༄༅།།  ཀ་དག་བོནཉིད་ངང་ལས་མ་གཡོས་ཀྱང་།

ཁ་དོག་ལྔ་ལྡན་ལོངས་སྐུའི་བྱིན་རླབས་གནས།

ག་བུར་རྡུལ་རྩེགས་རི་བོ་མགོན་ལྷ་འདི།

ང་ལྕག་ཡུལ་སྐྱོངས་མཆོད་པའི་གནས་སུ་གྱུར།

ཅ་ཅོ་ཙམ་མིན་དོན་གྱི་མཆོད་བསྟོད་འབུལ།

ཆ་ལུགས་མ་ངེས་མི་རིགས་སྣ་མངས་འཛོམས།

ཇ་ཆང་ཕུད་རྒོད་མཆོད་པ་འདི་བཞེས་ལ།

ཉ་ར་རྟ་ནོར་ར་ལུག་ལམ་འཕྲང་སེལ།

ཏ་ལེར་སྐལ་བཟངས་སྒྲོན་མའི་དུས་སྐབས་འདིར།

ཐ་སྙིད་བྲལ་བའི་གཡུང་དྲུང་བོན་བསྟན་དར།

ད་ནི་འཛམ་གླིང་གོ་ལ་ཧྲིལ་པོར་ཁྱབས།

ན་ཚ་སྡུག་བསྔལ་རྐྱེན་བགེགས་བྱད་ཁ་ཟློག

པ་བསང་ལྟ་བུའི་ཡུལ་སྐྱོངས་མགོན་ལྷའི་སྐྱོབས།

ཕ་མའི་བུ་བཞིན་སྐྱོངས་ལ་མེར་རྩེ་མཛོད།

བ་ཕྱུག་རྫི་བོ་བཞིན་དུ་བྱ་ར་མཛོད།

མ་ཡེལ་ཉིན་མཚན་ཀུན་ཏུ་ཞིངས་ཁམས་འདིར།

ཙ་རིའི་ཞིངས་སྐྱོང་ལྟ་བུའི་སྡོང་གྲོག་མཛོད།

ཚ་གྲངས་བཀའ་ཐུབ་བཟོད་པའི་རྣལ་འབྱོར་ལ།

ཛ་དྲག་སྐྱེན་ངན་སེལ་བའི་སྡོང་གྲོགས་མཛོད།

ལྦ་ལེར་ཏིང་འཛིན་མི་གཡོ་བསམ་གཏན་གླིང་།

ཞ་དཀར་ཐིག་ཆེན་བོན་གྱི་བ་དན་འཕྱོར།

ཟ་གོས་ཅི་མདོད་ཕུན་གསུམ་ཚོགས་གནས་སུ།

འ་ཅག་གདུང་བའི་བསང་མཆོག་འདི་འབུལ་བའི།

ཡ་རབ་རིག་འཛིན་གོང་མའི་བཀུར་བའི་གནས།

ར་བ་གངས་ཅན་ལྗོངས་སོག་གཟིགས་མཛོད་ལ།

ལ་ལུང་གང་ནས་བཟང་ཤིང་བསང་མཆོད་འབུལ།

ཤ་ཚ་སྙིང་རྫེའི་ཕ་མའི་བུ་ལྟར་སྐྱོོངས།

ས་སྟིང་སྐྱེ་བོ་ཀུན་གྱི་བསྟེ་གནས་སུ།

ཧ་ཧ་ཧེ་ཧེ་ངང་ནས་བསང་མཆོད་འབུལ།

ཨ་ཧོ་ཀི་བསོ་ཆེའོ་ལྷ་རྒྱལ་ལོ།

གནས་འདིའི་མཚམས་པ་བསམ་གཏན་གཙུག་ཕུད་བདག་གིས་བྲིས།




©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容

  • 酒 忘我 忘乎所以 如痴如梦 美妙地与天地 搂搂抱抱卿卿我我…… 乙醇 渗入荷尔蒙 混迹爱恨情仇 儒雅的儒 透出 ...
    羽扇闲人阅读 256评论 1 0
  • 老鼠夹子,小时候老家的房子都是用表砖土坯磊的,老鼠盗洞容易,家里都有老鼠,老是咬坏粮食口袋,偷粮食糟蹋粮食。人们粮...
    刘现辉民俗画阅读 1,274评论 0 0