ཁ་དང་ལག་པའི་བར་ཐག

         
                                   དམར་ཁ་ཚ།

ཁ་ནི་ཨ་མའི་ལག་ཟས་བསྟོད་ཅིང་ཨ་ཕའི་དགེ་མཚན་གླེང་མཁན།།
ཁ་ནི་མི་རིགས་ལ་རྒྱ་གླེང་ཞིང་འགྲོ་དྲུག་བདེ་སྡུག་བཤད་མཁན།།
ཁ་ནི་རྫུན་དང་ཕྲ་མ་བཤད་ཅིང་དབྱེན་དང་འགོངས་བོའི་དཀྲུག་ཤིང་།།
ཁ་ནི་མགོ་སྐོར་མགོ་གཡོག་བྱེད་ཅིང་སྒྱུ་མ་མཁན་གྱི་བདག་པོ།།

ལག་པ་ཨ་མའི་གྱོན་པ་འཁྲུད་ཅིང་ཟ་མ་གཡོ་སྐོལ་བྱེད་མཁན།།
ལག་པ་ཨ་ཕའི་ཁ་སྤུ་བཏོག་ཅིང་ཁ་ལག་རྐང་པ་འཁྲུད་མཁན།།
ལག་པ་གྲོགས་ཀྱི་རྩམ་ཁུག་རྐུ་ཞིང་འགྲམ་གྱི་སྒོར་ཁུག་གཅོད་མཁན།།
ལག་པ་མི་གསོད་རྟ་འཕྲོག་བྱེད་པའི་ཁྱི་ཚོགས་ནང་དམུར་བྱེད་མཁན།།

ཁ་ནི་རིལ་རིལ་ཁུང་བདུན་ནང་གི་ཆ་ཤས་མེད་དུ་མི་རུང་།།
ལག་པ་ཡན་ལག་ལྔ་བོའི་ནང་གི་མ་ཡོད་ཐབས་མེད་མཆོག་གྱུར།།
གནས་ས་གནས་ཡུལ་ཡེ་ནས་མི་གཅིག་བར་ཐག་གཞལ་ཐབས་མེད་ཀྱང་།།
དོན་དུ་མི་ལུས་འདོམ་གང་ནང་ན་བར་ཐག་གཞལ་དོན་མེད་གི།

ཁ་ལ་ཁ་ཡི་དགེ་མཚན་ཡོད་ཀྱང་སྐྱོན་ཆ་མེད་པ་མ་རེད།།
ལག་པར་ལག་པའི་བཟང་ཆ་མོད་ཀྱང་ཞན་ཆ་དཀོན་པ་མ་ཡིན།།
ཕན་ཚུན་ཀུ་ཡང་བཟོད་སྒོམ་བྱས་ན་མི་འགྲུབ་བྱ་བ་དཀོན་པ།།
ཉིན་དཀར་ཉི་མའི་དཀར་གྱི་ནམ་མཁའི་སྐར་ཚོགས་ཅི་བཞིན།།

                                         གཡུ་གྲོང་ནས།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 3,122评论 0 1
  • མདང་ནུབ་ངའི་རྨི་ལམ་དུ་ཡང་བསྐྱར་མི་དེ་རྨིས་བྱུང་། ཞོག...
    玛尚卟姆阅读 4,768评论 1 3
  • 你最近过得怎样 秋风可有吹透你的衣裳 落叶狂舞 它可曾停留在你的肩膀 雁群由北向南 牵挂就落满了山岗 我踮起脚尖 ...
    木木和桓桓阅读 1,579评论 2 8
  • 边画边改,结果涂着涂着整个冰激凌有点歪了-_-||整体看还是有很多需要改进的地方,笔触可能不够细,冰激凌的顺滑表现...
    小q33阅读 1,313评论 0 0
  • 我不属于这个城市,那我又属于哪里呢? 今天中秋节,吃完晚饭,不想回到封闭的住所,但又不知道要去哪里,正好...
    岗临西夏阅读 1,547评论 0 0