༼མི་རབས་ཀྱི་སློབ་གསོའི་གླེང་ནས། དགེ་རྐྱང་གི་སློབ་གསོའི་བརྗོད་པ༽

གངས་ཆབ་བསིལ་མའི་འབྲི་ཆུ་སྟོད་ལུང་ནས།། གཟི་བྱིན་ལོ་རྒྱུས་སྒ་ལུང་གནའ་རབས་རྒྱུད།། ཡིད་འོང་འོས་འགན་སློབ་གསོ་ལོ་དགུ་དེ།།སྐྱེ་ཁམས་མུན་སེལ་རྟ་བདུན་འོད་ཟེར་འཕྲོས།། ཉིས་སྟོང་བཅུ་གསུམ་མི་ཚེ་ཁ་ཕྱོགས་དེད།། ཉེ་གཉེན་མཛའ་གྲོགས་ཁྱིམ་གཞིའི་རྒྱང་དུ་ཞག། རྒྱས་མེད་ཡུལ་ལ་སློབ་གསོའི་གོམ་ཁ་སྤོས།། རླབས་ཆེན་བྱ་བཞག་མཚན་གྲགས་མེད་ན་ཡང་།། སྐད་དང་རིག་གཞུང་མཐོང་ཐོས་དོག་རྒྱ་ཁེབས།།རང་ནུས་བུམ་པའི་གང་བྱོ་བསམ་དག་དེ།། རོ་ཁོག་བྱ་རྒོད་གཏོང་ན་བློ་དཀར་ཡིན།།ག་ལེ་བསམ་གཞིག་བྱས་ན་ཧ་རེ་ལས།། སློབ་མཁས་གཞན་ཁྲིད་བསམ་བློ་ཆེན་མོ་དེ།།སློབ་གསོའི་རིན་ཐང་དོན་ཟབ་གཏིང་དཔག་བྲལ།།གཞན་ཕན་ལས་དོན་སུ་ཡི་འགྲན་ཟླ་ནུས།།ཚིག་རྒྱན་གཟི་ཡི་ལུས་རྒྱན་ངོ་སྤྲོད་ཙམ།། རང་ཉིད་གྲངས་བྱའི་ཟུར་བལྟས་ཞིབ་བརྗོད་དོ།།ཐོག་མར་རང་ཉིད་ངོ་བོ་རྟོགས་འདོད་ན།། རང་བློ་རང་འདུར་མེ་ལོང་ངོས་སུ་གསལ།།གྲངས་འདས་ལོ་ཟླ་སྐད་དང་རིག་གཞུང་ལ།། རྟག་གུས་བརྩོན་པ་ཆུ་བོ་བཞིན་དུ་རྒྱུན།།སྐབས་བབ་སློབ་གཉེར་རང་ནུས་ཡོད་ཚད་དེ།། སྟག་མོ་ལུས་སྦྱིན་སེམས་པ་རྒྱུན་ལྡན་ནས།།གཞན་ཕན་ལྷག་བསམ་དཀར་པོ་ལུས་གྱོན་ཏེ།། རང་ནུས་གང་ཚད་གཞན་ཕན་སློབ་ལ་འཇུག།ཀུན་སྤྱོད་ངན་ན་སློབ་གསོའི་ལམ་དུ་ཁྲིད།། རིག་གནས་ཞན་ན་བརྩོན་པ་དལ་གྱིས་ཁྲིད།།སྤོབས་པ་མེད་ན་ཀུན་སློང་སྨན་གྱིས་གསོ།།མོས་པ་ཉག་ན་སྲོལ་རྒྱུན་མར་ཁུ་གསོ།།རྒྱུན་འཛིན་མེད་ན་རྫོགས་པའི་དུས་ལ་ཉེ།།འགན་འཁྲི་སློབ་གསོའི་སྐྱེ་འགྲོ་ཆུ་ཐིགས་ཙམ།།འབྲི་ཀླུང་བཅུ་ཕྲག་སློབ་གླིང་ཕན་འབྲས་བཏབ།།དེང་རབས་ཚན་རྩལ་སྐར་ཚོགས་བཞིན་དུ་བཀྲ།།རིག་གནས་མཁས་ཀྱང་སྔོན་བསགས་རྒྱུ་ལས་གསོག།མི་གཞི་ཀུན་སྤྱོད་སློབ་གསོ་དྭངས་མ་སྟེ།།ཆུ་ཆེན་རྦ་རླབས་དྲག་པོ་ཆུ་ཕྲན་འདུས།།ཆོས་འདོན་མ་ཎི་གསུངས་རབས་གོང་ཡི་བླ།། ཡབ་འདབ་ལྕང་རྒན་འདབ་བརྒྱ་རྩ་བ་བརྟེན།། སྲོལ་རྒྱུན་སློབ་གསོའི་མར་གྱི་ཁུ་བ་ལྟར།། བསམ་བློ་སློབ་གསོ་གཞི་རྩ་རྨང་རྡོ་ཆགས།།སློབ་གསོ་དང་ཐོག་མི་ཡི་ཁ་ལོ་བསྒྱུར།།མི་ཡིས་སྤྱི་ཚོགས་ཞི་བདེ་རྣམ་པ་བསྐྲུན།། སྤྱི་ཚོགས་བདེ་སྐྱིད་དེང་རབས་ཅན་བཞི་འཕེལ།། འཛམ་གླིང་སློབ་གསོའི་རྩ་བ་རུས་པའི་རྐང་།།ཁ་ཚ་དགོས་གཏུགས་སློབ་བུ་རྣམ་པ་ལ།། སྒེར་དོར་གཞན་ཕན་ལོ་དགུ་མ་འོངས་བསྐྲུན།།སྲོལ་ངན་ལྟ་ཚུལ་སློབ་གསོ་སྡུག་བསྔལ་ཏེ།།རྡོ་ཞབས་གྲོ་མའི་ཁོམ་པའི་གནས་སུ་བྲལ།། རང་ལ་དགེ་བསགས་མ་ཎི་ཅི་མེད་་ཀྱང་།། སློབ་གཉེར་རྣམ་དག་གཞན་ཕན་ཡིད་སེམས་འགུལ།། དགེ་ཆོས་རིགས་ཞེན་བདུད་རྩི་ལུས་སུ་གྱོན།།རང་གྲོལ་སྙིང་སྟོབས་སྤོབས་པའི་ཁོག་ཏུ་བཅུག། སངས་རྒྱས་ཐུབ་པའི་དཀའ་སྡུག་ཁྱད་འཕགས་བཞིན།།མི་ལ་སེམས་ཤུགས་འབད་བརྩོན་ཁྲག་ཏུ་ཁུར།།སློབ་གཉེར་ཞིབ་ཚགས་རང་འདྲ་ལྟར།།ཡ་རབས་སློབ་གསོའི་དར་འཕེལ་རྒྱུད་འཛིན་ནས།། མི་རབས་སློབ་གཉེར་ཡོངས་ལ་ཁ་གཏད་ནས།།བུ་གཅིག་ལྟར་བརྩེ་བློ་དཀར་རྣམ་དག་ངང།།རྗེས་རབས་ཀུན་ལ་ཕན་འབྲས་ས་བོན་བཏབ།།

©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

  • 表情是什么,我认为表情就是表现出来的情绪。表情可以传达很多信息。高兴了当然就笑了,难过就哭了。两者是相互影响密不可...
    Persistenc_6aea阅读 129,775评论 2 7
  • 16宿命:用概率思维提高你的胜算 以前的我是风险厌恶者,不喜欢去冒险,但是人生放弃了冒险,也就放弃了无数的可能。 ...
    yichen大刀阅读 8,002评论 0 4

友情链接更多精彩内容