སོ་རུ༓ཁྲག་སྨྱུག་ནས
མདུན་ལམ་དངཕུཊ་བསམ་ལ་མི་ཚོར་ལ།རེ་བ་དང་ཤེས་ཡོན་གང་ནས་འཚོལ།རྩྭ་ཟན་གྱིས་རྗེས་ལ་འཐུམ་པའི་ངའི་མི་ཚེ་སྙིང་རྗེ་བོ།ལོ་ན་གཞོན་པའི་སྟག་ཤར་ཞིག་གིས་རང་ཉིད་ཀྱིས་ཕུཊ་མདུན་དང་ལང་ཚོ་ལ་བརྗེས་ནས་ང་ལ་མི་ཚེ་གསར་བ་ཞིག་འཛུགས་གཞི་བྱས།ཁོ་རང་གི་ཉིན་དེ་ནས་བཟུང་ངའི་འོད་ཟེར་ལོང་སྤྱོད་ཡང་།ན་གཞོན་ཏེས་ལས་ཀའི་ཆར་རླུང་ལ་ལོང་སྤྱོད་ནས་ངའི་སློབ་དངུལ་དང་ཟས་དངུལ་མདོར་ན་འཚོ་བའི་དངུལ་ཡོད་ཚད་ཁོས་འགན་ལ་བླངས་ཡོད།ང་ལ་ཆམ་ནག་ཅུང་ཕོག་ཀྱང་ཆེས་ཐོཊ་མར་སེམས་ཁུར་བྱེད་མཁན་ཁོ་ཡིན་ལ།ངས་བཟང་རྟགས་གཅིག་བླངས་ཀྱང་ཐོག་མར་དགའ་སྲིད་པ་ཡང་ཁོ་ཡིན།