ཕ་བླ་མའི་རྗེས་གཟུང་།

图片发自简书App

ཕ་བླ་མས་གནས་ལུགས་རྟོགས་པས་སྨྱོན་ཚུལ་མཛད།།

བུ་ཐ་ཤུལ་གནས་ལུགས་མ་རྟོགས་སྨྱོན་ལ་ཁད།།

ཅི་སྣང་བ་སེམས་ལས་འཕྲུལ་བའི་ཀུན་རྫོབ་ཆོས།།

དོན་དམ་པའི་བདེན་པར་ཞེན་པའི་བློ་དེའི་ལན།།

མི་བརྒྱ་སྟོང་ཚོགས་དེ་ཀུན་རྫོབ་བློ་ཡིས་བསླུས།།

མིའི་གཙུག་གི་ནོར་བུས་བློ་དེ་དགྲ་བཞིན་བཅོམ།།

བུ་སྐལ་ལྡན་ཚོགས་ལ་གནས་སྣང་འཆོར་ཚུལ་བསྟན།།

བདག་བླ་མ་དེ་ཡང་མི་མཆོག་དེའི་རྗེས་འབྲང་།།

ད་བླ་མ་གནས་ལུགས་དོན་ལ་དབང་འབྱོར་བས།།

བུ་སྐལ་ལྡན་ང་ཡང་ལམ་དེར་བཀོད་འཆར་གནང་།།

དོན་དངོས་པོ་ཀུན་རྫོབ་བློ་ཡིས་བཟུང་ཚུལ་དང་།།

དོན་དམ་པར་རིགས་ངོར་གནས་ཚུལ་ཚུལ་བཞིན་གསུང་།།

ད་བུ་ང་མི་འདུག་མི་མེད་ནགས་ཁྲོད་འགྲོ།།

རྗེ་བླ་མས་གསུང་བའི་ཆོས་དེ་ཉམས་སུ་ལེན།།

ཉོན་མོངས་བའི་སེམས་དེའི་བྲན་ལས་ཐར་བ་བྱ།།

བདག་གཅེས་འཛིན་སེམས་དེའི་གཡོག་དུ་མི་བྱའོ།།

བསྐང་ན་འཚིམ་རྒྱུ་མེད་པའི་འདོད་བློ་དང་།།

གཅེས་ན་ཞི་རྒྱུ་མེད་པའི་ཁོང་ཁྲོའི་སེམས།།

ད་ནི་བདག་རྒྱུད་རང་བཞིན་རྣམ་དག་སྐུ།།

མ་གཡོག་མ་གཡོག་རང་སར་ཞི་བར་མཛོད།།

                                                -----ངག་བློ་རྒྱལ་གྱིས་བྲིས།

图片发自简书App
最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容