གས་ཆག་ཤོར་བའི་དུས་ཚོད

ཀྱེ་མ་་་་ཀྱེ་འུད

ཐོག་མའི་གོམ་འགྲོས་དང་ལྷན་དུ་ཕྱི་ཐག་ཅིག་ལ་རེ་སྨོན་བཅིངས་བའི་ཕལ་བའི་མི

རུད་པའི་གསེང་ལ་འཐུམས་ཤིང་ཉམས་ཐག་པའི་བེམ་པོ་འདི

སུས་ཀྱང་སྐྱོབས་མ་ནུས་ལ

མཐོང་ཐོས་ཀྱི་སྐྱབས་མགོན་ཞིག་བཙལ་ཀྱིན  མུན་པའི་ལུང་ནག་ལ་ལག་པ་བསྲེང་ཤིང་ཁ་གདེང

ཁྱོ་དོན་ངོ་མར་སུ་ཡིན  འདང་ངེས་ཀྱི་མྱོང་རོལ་ཞིག་མི་སྤྱིན་ལ

ཡིད་འཚིམས་པའི་ལོངས་སྤྱོད་ཞིག་ཀྱང་ག་ལ་འདུག

དགུང་མོས་མལ་གདན་ལས་བཙན་གྱིས་སྤྲུད་ཤིང  ཉིན་མོས་ལས་བྱེད་ཡང་རྒོད་ཀྱིས་བགག 

ང་རང་བསྐྱར་ཟློས་གྲངས་མེད་ཀྱི་ཁྲོད་ནས་དྲན་ཁོམ་མེད་པར་འཇིག་རྟེན་གཞན་པ་ཞིག་ལ་རིན་མེད་དུ་བསྐྱལ་སོང

ཁྱོད་ལ་ངོ་དགའ་བྱས་ཆོག་ན་ཅི་མ་རུང  ཁྱོད་ལ་གནང་བ་ཞིག་ཞུ་ཆོག་ན་ཅི་མ་རུང

ཐག་ཐག་ཐག་་་་་་་་་

ང་ཐོན་སོང 

ངོ་མཚར་བའི་འཇིག་པ་རྟེན་གཞི་འདི་ལ་ཡུལ་སྐོར་ཏུ་འབྱོར་འོང

ཨག་སྐད་དེ་ཁྱོས་བསྩལ་བ་ཡིན་ནམ 

ཁྱོས་བསྩལ་ནི་ལོས་ཡིན

ང་ལག་ཆགས་སོང

དུས་ཞིག་གིས་གོམ་འགྲོས་གཞུགས་ལ་ཆོད་ལ་མི་ཆོད་ཁལ་བུད་སོང

ལམ་རྟགས་འདི་ཁྱོས་བཞག་པ་ཡིན་ནམ

ཁྱོས་བཞག་ནི་ལོས་ཡིན

ང་རྒས་སོང

ལྐོག་གྱུར་ཞིག་གི་ལེའུ་མཐའ་མ་དེའི་ཆེད་ཆོས་སྐད་ཞིག་ལ་སྒོམ་ནས་ཁ་འདོན་རེ་བདོན

འཇིགས་སྐྲག་འདི་ཁྱོས་བརྡ་རྟགས་ཡིན་ནམ

ཁྱོས་བརྡ་རྟགས་ལོས་ཡིན

ང་ལ་ཐུགས་རྗེ་ཆེན་མོས་གཟིགས་དགོས  ང་ལ་འོད་དཔག་མེད་ཀྱིས་སྐྱོབས་དགོས 

གལ་ཆེ་བ་ལ་སངས་རྒྱས་ཁྱེད་ཀའི་ལུང་བསྟན་བདེན་དགོས

            ༢༠༡༩–༨–༡༦ཉིན་གཞོན་ནུ་ནོར་བཟང་ནས

图片发自简书App
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容