སྙན་ངག་ལ་ཕུལ་བའི་ཆོད་སེམས།

图片发自简书App

སྙན་ངག་ལགས

ཁར་རྩང་མེས་པོའི་དུར་ཁུང་ནས་དམ་བཅའ་བཞག་པ་ནས་བཟུང་

ཁར་རྩང་བློ་སྙིང་བྲང་གསུམ་ཁྱོད་ལ་གཏད་པ་ནས་བཟུང་

ཁར་རྩང་ཚངས་སྲས་མའི་བྱིན་རླབས་ཚོར་བ་ནས་བཟུང་

ང་ཁྱོད་ཀྱི་ཆེད་དུ་གསོན་ཡོད


སྙན་ངག་ལགས

དེ་རིང་ཁེར་རྐྱང་གི་འཚོ་བ་དེའི་ཀློང་ན

དེ་རིང་མི་ཁ་དང་འགྲན་རྩོད་ཀྱི་བར་ན

དེ་རིང་གྲྭ་རྟགས་དང་རས་གཟན་དེས་གསེང་ན

ང་སྔར་བཞིན་ཁྱོད་ཀྱི་ཆེད་དུ་གསོན་ཡོད


སྙན་ངག་ལགས

སང་ཉིན་རྒྱལ་ཁ་འམ་ཕམ་ཉེས་ཅི་ཞིག་བྱུང་ཡང་

སང་ཉིན་ལྟ་ལོག་དང་དམ་ལོག་གི་མིང་བྱང་ཅི་ལྟར་བཀལ་ཡང་

སང་ཉིན་མདུན་སྐྱོད་དང་ཆོད་སེམས་ལ་བར་ཆད་ཅི་ལྟར་མང་ཀྱང་

ང་ནམ་ཡང་ཁྱོད་ཀྱི་ཆེད་དུ་གསོན་ངེས

སྙན་ངག་ལགས་་་་སྙན་ངག་་་


     སྙུག་འཛིན་བུ་ཆུང་དེས                                            

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容