དགེ་འདུན་ཆོས་འཕེལ་

ཚ་བཞད་བུ་ཕྲུག་གི་འབྲི་ཤོག་ནས།།


མ་འོངས་གངས་རིའི་རྒྱན་གཅིག་དགེ་འདུན་ཆོས་འཕེལ། །

བོད་འདིར་སླར་ཡང་བྱོན་ཅིག་དགེ་འདུན་ཆོས་འཕེལ། །

རྒྱལ་ཁམས་རིག་པས་བསྐོར་བའི་དགེ་འདུན་ཆོས་འཕེལ། །

ལེགས་བཤད་མཛོད་དུ་སྤུངས་མཁས་དགེ་འདུན་ཆོས་འཕེལ། །

རྣམ་དཔྱོད་འགྲན་ཟླ་བྲལ་བའི་དགེ་འདུན་ཆོས་འཕེལ། །

ཚན་རྩལ་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ། །

གྲྭ་ས་དགོན་སྡེར་འགྲིམས་པའི་དགེ་འདུན་ཆོས་འཕེལ། །

གྲྭ་མང་མཁས་པའི་ཡང་རྩེ་དགེ་འདུན་ཆོས་འཕེལ། །

རྒྱུས་མེད་ཡུལ་གྲུ་འགྲིམས་པའི་དགེ་འདུན་ཆོས་འཕེལ། །

ཁེར་རྐྱང་རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ། །

གངས་རིའི་དབུ་འཕང་བསྟོད་མཁས་དགེ་འདུན་ཆོས་འཕེལ། །

ལ་རྒྱའི་དར་ཆ་བསྒྲེང་མཁས་དགེ་འདུན་ཆོས་འཕེལ། །

ཉེས་མེད་བཙོན་དུ་བཙུད་པའི་དགེ་འདུན་ཆོས་འཕེལ། །

དགའ་སྐྱོ་གླུ་རུ་གྱེར་པའི་དགེ་འདུན་ཆོས་འཕེལ། །

གདོད་མའི་ཨ་དྲད་བོར་བའི་དགེ་འདུན་ཆོས་འཕེལ། །

སྔོན་ཐོན་རི་རྩེར་འཛེགས་པའི་དགེ་འདུན་ཆོས་འཕེལ། །

ཕྱི་རབས་བློ་ལ་བཅིངས་པའི་དགེ་འདུན་ཆོས་འཕེལ། །

ཤ་ཚས་འབོད་བསྐུལ་བསྒྲགས་པའི་དགེ་འདུན་ཆོས་འཕེལ། །

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容