རླུང་བུ་འུར་འུར་ལྡིང་བ།སྟོན་མགོ་ཚུགས་པའི་བརྡ་རེད།བྱེའུ་ཆུང་ཇོ་ཀ་དྲུག་འགྱུར།འགྲོ་དགོས་བྱུང་བ་ལས་རེད།ལས་ཀྱིས་བཀོད་པའི་ལམ་ལ།སེམས་པ་འཁྲེང་བ་མ་གནང་།ཁྲེལ་ལ་བརྟན་ཚིགས་ཡོད་ན།སང་ལོའི་དཔྱིད་ལ་མཇལ་ཡོང་།སྡེ་ཆེན་མི་ཁ་རྒོད་པ།འུ་གཉིས་མཐུན་པའི་དགྲ་རེད།སྙིང་གྲོགས་སྲོག་གི་ཁེན་མ།བྲལ་དགོས་བྱུང་བ་ལས་རེད།ལས་དབང་སྐྱ་བོའི་ཚུལ་ལ།སྐྱོ་སྐྱོ་ཡོང་བ་མ་གནང་།ཁྲེལ་དང་ཕྱི་ཐག་རིང་ན།མི་ཚེ་མཉམ་དུ་བསྐྱལ་ཆོག ——སྡོང་ལོ།