མི་ཚེ།

                འཇིག་ཉེ་བའི་ངའི་ཕ་སྐད་ནས།

རང་འདོད་ལངས་ཤོར་ཡིད་བྱེད་སེམས་ཆེན་འདི། །
དམྱལ་བ་ངན་འགྲོར་འཁྲིད་པའི་རྟ་རྒན་ཡིན། །
སྙོམས་འཇུག་ཕྲ་མོའི་ཞི་བདེའི་སེམས་ཆུང་འདི། །
ལྷ་མི་མཐོ་རིས་འདྲེན་པའི་ཕ་མ་ཡིན། །

འཚོ་བ་བདེ་སྡུག་སྤེལ་མའི་མི་ཡུལ་ཞིང་ཁམས་འདིར། །
ཤ་ཁྲག་གདོས་བཅས་སྒྱུ་མའི་རྩ་རླུང་མ་གཞིག་བར། །
འདི་ལས་གཡོལ་ཏེ་བདེ་འཕྲོད་གནས་ཚང་གཡར་པོ་ཞིག
ནམ་ཡང་མེད་པས་མ་བསམ་ལས་ཀྱི་ཚེ་འདི་སྐྱངས། །

གདོད་ནས་དལ་གྱི་མི་ཚེའི་ལམ་ཤུལ་གཏོད །།
མི་རྟག་མཛེས་སྡུག་དབུ་བ་མཐའ་རུ་བརླག །
སྣ་ཚོགས་ཅལ་ཅོལ་བདེ་སྡུག་གཏམ་བདོ་བ།།
མི་ཚེ་དལ་འགྲོའི་རྒྱུན་བཞིན་ཟད་པ་མེད །།

སྐྱིད་སྡུག་སྒང་གཞོང་མི་སྙོམས་ལས་ཀྱི་རི་མོ་ལ། །
བསུབ་ཀྱང་མི་ཟུབ་དགའ་སྐྱོ་ཆུ་ཡི་གཉེར་མ་བཞིན། །
གཅིག་རྗེས་གཅིག་གི་མཐུད་དེ་འོང་བའི་ངང་ཚུལ་དེ། །
བདེ་སྡུག་འབྲེལ་ལས་མ་སངས་འཁོར་བའི་རང་གཤིས་ཡིན། །


图片发自简书App
最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容