བརྡ་ཡུལ
དང་པོ་་་་་བུམ་པའི་རང་བཞིན་དེ་ཉིད་སྣམ་པའི་རང་བཞིན་དང་།སྣམ་པའི་རང་བཞིན་དེ་ཉིད་བུམ་པའི་རང་བཞིན་ཡིན་པསགནས་སྐབས་ཐ་དད་པ་ཙམ་ཡིན་གྱི།རང་བཞིན་ལ་ཆ་ཤས་ཀྱི་དབྱེ་བ་ཅུང་ཟད་ཀྱང་མེད་དོ་ཞེས་དེ་ཉིད་ལ་སྤྱི་དང་གཙོ་བོ་ཞེས་བྱའོ་ཞེས་པའི་གཞུང་གི་དོན་ཡོད་པའི་ཕྱིར།འདོད་ན།ཞོག་ཟེར།ཐར་གསལ་ཚིག་ཟིན་བཞིན་ཁས་མི་ལེན་ན།དེ་ཚིག་ཟིན་བཞིན་ཁས་ལེན་རུང་བའི་ཕྱེར་ཏེ་ཊིག་ཆེན་ལས་བུམ་པའི་རང་བཞིན་གང་ཡིན་པ་དེ་ཀ་བའི་རང་བཞིན་དུ་ཡང་ཁས་ལེན་དགོས་ཏེ་བུམ་པའི་རང་བཞིན་དུ་གྱུར་བའི་སྤྱི་གཙོ་བོ་དེ་ཀ་བའི་རང་བཞིན་མ་ཡིན་པ་སོགས་སུ་ཁས་བླངས་ན་སྤྱི་གཙོ་ཆ་བཅས་སུ་འགྱུར་རོ་ཞེས་དང་དགོངས་པ་རབ་གསལ་ལས་དེ་བཞིན་དུ་མྱུ་གུའི་རང་བཞིན་དང་དེའི་རྒྱུ་རྐྱེན་གྱི་རང་བཞིན་རྣམས་ཕར་ཡིན་ཚུར་ཡིན་དུ་འདོད་དེ།རྣམ་འགྱུར་ཐམས་ཅད་ཀྱི་རང་བཞིན་རྣམས་དེ་ལྟར་དུ་འདོད་དོ།ཞེས་སོ།བུམ་པའི་རང་བཞིན་དེ་ཉིད་སྣམ་བུའི་རང་བཞིན་ཡིན་ལ་སྣམ་བུའི་རང་བཞིན་བུམ་པའི་རང་བཞིན་ཡིན་པ་དང་།བུམ་པའི་རང་བཞིན་དེ་ལ་ཆ་ཤས་ཀྱི་དབྱེ་བ་མེད་ཟེར་ན།འོ་ན།བུམ་པའི་རང་བཞིན་ཡིན་ན་སྣམ་བུའི་རང་བཞིན་ཡིན་པའི་ཁྱབ་བར་ཐལ།བུམ་པའི་རང་བཞིན་དེ་ཆ་མེད་ཡིན་པའི་ཕྱིར།མ་ཁྱབ་ན།ཁྱབ་བར་ཐལ།བུམ་པའི་རང་བཞིན་ཆ་མེད་ཡིན་ཚད་དེ་རང་གི་གསལ་བ་གཅིག་ལ་རྗེས་སུ་སོང་བའི་ཆ་ཡོད་ལ་གསལ་བ་གཞན་གཅིག་ལ་རྗེས་སུ་སོང་བའི་ཆ་མེད་པ་ལ་ཟེར་དགོས་པའི་ཕྱིར།མ་གྲུབ་ན།ཆ་མེད་ཡིན་ཚད་དེ་་་ཁོ་རང་ཁྱད་གཞི་བྱས་པའི་ཁྱད་ཆོས་མེད་ལ་ཟེར་བར་ཐལ།འདོད་པའི་ཕྱིར།འདོད་ན།བུམ་པའི་རང་བཞིན་གྱི་སྟེང་གི་རྟག་པ་དངརང་ཁྱད་གཞི་བྱས་པའི་ཁྱད་ཆོས་མེད་ལ་ཟེར་བར་ཐལ།འདོད་པའི་ཕྱིར།འདོད་ན།བུམ་པའི་རང་བཞིན་གྱི་སྟེང་གི་རྟག་པ་བུམ་པའི་རང་བཞིན་གྱི་ཁྱད་ཆོས་ཡིན་མིན་གཏང་།
གཉིས་པ།གོང་དུ་འདོད་ན།མི་གསལ་བའི་བུམ་པ་ཆོས་ཅན།སྣམ་བུའི་རང་བཞིན་ཡིན་པར་ཐལ།བུམ་པའི་རང་བཞིན་པའི་ཕྱིར།ཁྱབ་བ་ཁས།མ་གྲུབ་ན།མི་གསལ་བའི་བུམ་པ་ཆོས་ཅན།བུམ་པའི་རང་བཞིན་ཡིན་པར་ཐལ།བུམ་པ་རང་གི་རང་བཞིན་ལས་སྐྱེ་ཞེས་པའི་བུམ་པའི་རང་བཞིན་ཡིན་པའི་ཕྱིར།མ་གྲུབ་ན།མི་གསལ་བའི་བུམ་པ་བུམ་པ་རང་གི་རང་བཞིན་ལས་སྐྱེ་ཞེས་པའི་བུམ་པའི་རང་བཞིན་ཡིན་པར་ཐལ།བུམ་པ་རང་གི་རང་བཞིན་ལས་སྐྱེ་ཞེས་པའི་སྐྱེ་ས་དེ་ཡིན་པར་གྱུར་བའི་མི་གསལ་བའི་བུམ་པ་ཡོད་པའི་ཕྱིར།མ་གྲུབ་ན།བུམ་པ་རང་གི་རང་གི་རང་བཞིན་ལས་སྐྱེ་ཞེས་པའི་སྐྱེ་ས་དེ་ཡིན་པར་གྱུར་བའི་མི་གསལ་བའི་བུམ་པ་ཡོད་པར་ཐལ།བུམ་པ་རང་དང་བདག་ཉིད་གཅིགཔའི་རྒྱུ་ལས་སྐྱེ་ཞེས་པའི་སྐྱེ་ས་དེ་ཡིན་པར་གྱུར་བའི་མི་གསལ་བའི་བུམ་པ་ཡོད་པའི་ཕྱིར།མ་གྲུབ་ན།བུམ་པ་རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེ་ཞེས་པའི་སྐྱེ་ས་དེ་ཡིན་པར་གྱུར་པའི་མི་གསལ་བའི་བུམ་པ་ཡོད་པར་ཐལ།དེ་ལྟར་ཡོད་པ་གངས་ཅན་ཤིང་རྟའི་སྲོལ་འབྱེད་རྗེ་བདག་ཉིད་ཆེན་པའི་དགོངས་པ་ཡིན་པའི་ཕྱིར།མ་གྲུབ་ན།དེར་ཐལ།དེ་ཉིད་ཀྱི་མཛད་པའི་རྣམ་བཤད་དགོངས་པ་རབ་གསལ་174ལསརང་བཞིན་གཉིས་གཅིག་ཡིན་པས་རང་གི་རང་བཞིན་ལས་ཀྱང་སྐྱེ་བ་དང་མྱུ་གུ་མི་གསལ་བ་རྒྱུ་དུས་ན་ཡོད་པ་སྐྱེ་བ་ནི་བདག་སྐྱེའི་འདོད་ཚུལ་ལོ་ཞེས་གསུང་པའི་ཕྱིར་དང་རྩ་ཤེས་ཊིག་ཆེན་ལས་གསལ་བ་སྔ་ནས་ཡོད་ན་དེར་སྐྱེ་མི་དགོས་ལ་སྔ་ནས་ཡོད་ཀྱང་སྐྱེ་ན་ཐུག་མེད་སོ་ན་གནས་ཞིང་གསལ་བ་སྔར་མེད་ན་རྒྱུ་ལ་སྔར་ཡོད་ཁོ་ན་སྐྱེ་བའི་ཕྱོགས་ཉམས་སོ།ཞེས་དང་་་སྡེ་བདུན་རྒྱན་ལས་གྲངས་ཅན་བློ་བདེ་སྔར་ཡོད་གསལ་བ་ལ་སྐྱེ་བ་དང་བག་ལ་ཞ་བ་ལ་འཇིག་པའི་ཐ་སྙད་བྱེད་པ་མ་གཏོགས་སྐྱེ་འཇིག་གི་དོན་སྔར་མེད་གསར་དུ་སྐྱེ་བ་དང་་་སྔར་ཡོད་རྒྱུན་ཆད་པ་ཞེས་བྱ་བ་བློ་བདེ་ལ་མེད་པར་འདོད་པས།ཞེས་གསུང་པའི་ཕྱིར
གསུམ་པ་མི་གསལ་བའི་བུམ་པ་སྣ་བུའི་རང་བཞིན་ཡིན་པར་འདོད་ཟེར་ན།མི་གསལ་བའི་བུམ་པ་ཆོས་ན།སྣམ་བུ་ཞེས་པའི་བརྡའི་ཡུལ་ཡིན་པར་ཐལ།སྣམ་བུའི་རང་བཞིན་ཡིན་པའི་ཕྱིར།རྟགས་ཁས།མི་གསལ་བའི་སྣ་བུ་ལ་བརྡ་སྦྱར་ན་མི་གསལ་བའི་བུམ་པ་ལ་བརྡ་སྦྱར་བའི་ཁྱབ་བར་ཐལ།མི་གསལ་བའི་བུམ་པ་སྣམ་བུ་ཞེས་པའི་བརྡའི་ཡུལ་ཡིན་པའི་ཕྱིར།རྟགས་ཁས།འདོད་ན།ཙན་དན་དང་ཤ་བ་ཐུན་མོང་དུ་ཡོད་པའི་སྤྱི་གཅིག་ཡོད་ལ་ཙན་དན་དང་བ་གླང་ལ་ཐུན་མོང་དུ་མེད་པའི་ཁྱད་པར་མི་འཐད་པར་ཐལ།མི་གསལ་བའི་སྣམ་བུ་ལ་བརྡ་སྦྱར་ན་མི་གསལ་བའི་བུམ་པ་ལ་བརྡ་སྦྱར་བའི་ཁྱབ་བའི་ཕྱིར།རྟགས་ཁས།འདོད་ན།ཁྱད་པར་དེ་འཐད་པར་ཐལ།དེ་ལྟར་འཐད་པ་མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ་དགོངས་པ་ཡིན་པའི་ཕྱིར།མ་གྲུབ་ན།དེར་ཐལ།དེ་ཉིད་ཀྱིས་མཛད་པའི་སྡེ་བདུན་རྒྱན་75ལས་གྲངས་ཅན་ལ་སོགས་པ་དག་ཙན་དན་དང་ཤ་བ་དང་བ་ལང་སོགས་རྫས་ཐ་དད་པར་མཚུངས་ཀྱང་།ཙན་དན་དང་ཤ་བ་ལ་རིགས་གཅིག་གི་སྒྲ་བློ་འཇུག།ཙན་དན་དང་བ་ལང་ལ་རིགས་གཅིག་གི་སྒྲ་བློ་མི་འཇུག་པ་ནི།ཤིང་གི་སྤྱི་གཙོ་བོ་གཅིག་ཙན་དན་དང་ཤ་བ་ལ་ཐུན་མོང་དུ་ཡོད་ལ།ཙན་དན་དང་བ་ལང་ལ་མེད་པས་ཡིན་ནོ་ཞེས་སྨྲའོ་ཞེས་གསུང་པའི་ཕྱིར།