ངས་སྙན་ངག་འབྲི་འདོད།

                          རྩོམ་འབྲི་བ། ས་སྨྱོན-གཏམ་ལགས།

ངས་སྙན་ངག་ཞིམ་པོ་ཞིག་འབྲི་འདོད།

མི་རེ་རེའི་ངོ་རིས་རྣམས་འོད་ཐིང་ཐིང་དུ་གསལ་བར་འབྲི་འདོད།

བྱད་བཞིན་ཀུན་རྣམས་མེ་ཏོག་བཞིན་འབྲི་འདོད།

འོན་ཏང་། ངས་སྙན་ངག་འབྲི་མི་ཤེས།

ངས་སྙན་ངག་གསལ་པོ་ཞིག་འབྲི་འདོད།

ཕྱི་གསལ་ནང་གསལ་གྱི་མི་སེམས་བྲག་རི་འདྲ་ཞིག་འབྲི་འདོད།

སྙན་ངག་དང་འབྲེལ་བའི་ངག་སྒྲོས་ཀུན་པོ་རིག་རིག་ཏུ་འབྲི་འདོད།

ཡིན་ཡང་། ང་ལ་སྙན་ངག་གི་ས་བོན་སྐྱེས་མེད།

ངས་སྙན་ངག་མཛེས་པོ་ཞིག་འབྲི་འདོད།

རང་བྱུང་ཁམས་ཀྱི་རྩྭ་རི་ཀུན་གྱི་སྙིང་གསོན་པོ་འབྲི་འདོད།

བསྙན་འཕྲིན་ངོས་སུ་འཆར་འདྲའི་མཇེས་པ་ཀུན་པོ་སྙན་ལྷང་ལྷང་དུ་འབྲི་འདོད།

སྐྱོ་བར། ངས་སྙན་ངག་གི་ཤེས་བྱའི་ཐིགས་པ་ལེན་མ་མྱོང་།

©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容