མཚན་གཞུང་གི་སེམས་འཚོར།

ཚུལ་འཆོས་ཅན།

ཁུ་སིམ་གྱི་མཚན་མོ་འདིར།

ཆུང་མ་དང་བུ་མོ་གཉིས་ཀྱི་སྔུན་སྒྲ་དང་སྡེབ་ནས།

ཁོ་བོས་སྙན་ངག་འཁྱར་འཁྱོར་ཞིག་གི་ལམ་ལ་ཆས།

ཉིན་གཅིག་གི་ལས་ཀའི་དཀའ་ཚེགས་དང་འཁང་ར་ཐམས་ཅད་རྒྱབ་ཏུ་སྐྱུར་ནས།

མཚན་མོ་འདིའི་དབེན་འཇགས་ལ་ལོངས་སུ་སྤྱོད།

མཚན་མོ་འདིར།

ཁོ་བོ་ཉིད་འཇིག་རྟེན་འདིའི་ཡོད་ཚད་དུ་སྣང་ལ།

ཁོ་བོར་དབང་བའི་ཡོད་ཚད་ཀྱང་མཚན་མོ་འདིའི་འཇིག་རྟེན་ཁོ་ན་ཡིན་སྲིད།


མཚན་གཞུང་འདི་ནས།

ཁོ་བོས་ཉིན་གཅིག་གི་སྡུག་ཡུས་ཡོད་དོ་ཅོག་རུམ་ཁོང་དུ་བཅུག

ཉིན་གཅིག་གི་ལོ་རྒྱུས་ཡོད་ཚད་ས་འོག་ཏུ་སྦས་ནས།

རྨི་ལམ་གྱི་འཇིག་རྟེན་ཞིག་གི་དབྱིངས་སུ་འཐིམ།

རྨི་ལམ་གྱི་ཞིང་ཁམས་དག་ན།

ཁོ་བོ་ཉིད་འཇིག་རྟེན་འདིའི་སྒེར་གཅོད་པ་ཞིག་ཡིན་འདུག་ལ།

ཁོ་བོས་སྒེར་གཅོད་ཐུབ་པ་ཡང་རྨི་ལམ་གྱི་ཞིང་ཁམས་ཙམ་ལས་མ་འདས།

                                ༢༠༡༨.༡༢.༤

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容