何君 编著
红辣椒 翻译
1.学会忍耐并不是要忍气吞声
学会忍耐,是对别人的一种谅解与包容,对自己、对他人都有好处。但不要错误地认为忍耐就是要忍气吞声,就是被误解了也不敢反驳对方,这就不对了。阐明事实,讲清道理,必要时一定要维护自己的立场与尊严,忍气吞声反而是懦弱无能的表现。无意义的争辩你没必要去争,该为自己辩解的一定要敢于应对。
1.བཟོད་སྒོམ་བྱེད་པ་ནི་ཁོང་ཁྲོ་ཁྱུར་མིད་བཏང་བ་ཙམ་མ་མིན།
བཟོད་སྒོམ་བྱེད་ཤེས་པར་བྱེད་པ་ནི་ཕ་རོལ་བོ་དེ་ལ་གུ་ཡངས་དང་བཟོད་སྒོམ་བྱེད་པ་དང་རང་གཞན་གཉིས་ལ་ཕན་པ་ཞིག་ལས་བཟོད་སྒོམ་ནི་ཁོང་ཁྲོ་ཁྱུར་མིད་བྱེད་པ་དང་རང་ཉིད་ལ་གོ་འཛོལ་བྱུང་ཡང་གཞན་ལ་འཁོན་ལན་སློག་མ་ཕོད་པ་ཞིག་ལ་འཆུག་མི་རུང་།དོན་དངོས་གསལ་བཤད་དང་གནས་ལུགས་དག་མོ་བཤད་དགོས།དགོས་དབང་ལ་ཐུག་ན་རང་ཉིད་ཀྱི་ལང་ཕྱོགས་དང་ལ་རྒྱ་ལ་སྲོང་སྐྱོབ་བྱེད་པ་ལས་ཁོང་ཁྲོ་མིད་པ་ནི་རང་ཉིད་ཉམ་ཆུང་ནུས་མེད་ཅིག་ཡིན་པའི་མངོན་ཚུལ་ཞིག་ཡིན།དོན་མེད་ཀྱི་རྩོད་པ་ལ་རྩོད་པ་རྒྱག་དགོས་དོན་མེད་ལ་རང་ཉིད་རྒྱུ་མཚན་གསེལ་བཀྲོལ་བྱེད་དགོས་པ་ལ་ཐུག་ན་ཅིས་ཀྱང་གདོང་ལེན་བྱེད་དགོས།
མཆན།《རྒྱ་བོད་ཤན་སྦྱར་ཚིག་མཛོད་ཆེན་མོ》
反驳:དགག་ལན་སློག་པ།ཞུ་ལན་སློག་པ།
阐明:གསལ་བཤད།
懦弱:གཉོད་ཆུང་།ཉམ་ཆུང་།
争辩:དགག་སྒྲུབ།རྩོད་པ་རྒྱག་པ།ཁ་ཤགས་རྒྱག་པ།ཁ་ཤགས་འགྱེད་པ།
辩解:རྒྱུ་མཚན་གསེལ་བཀྲོལ།
2.没有人会陪你一辈子,所以,你要适应孤独。没有人帮你一辈子,所以,你要奋斗一生。 —致自己。
2.ཚེ་གང་བོར་ཁྱོད་ལ་འགྲོགས་པའི་མི་ཞིག་མེད་པས་ཁྱེད་ཉིད་ཁེར་རྐྱང་ལ་གོམས་དགོས་ཤིང་།ཚེ་གང་བོར་ཁྱོད་ལ་རམ་འདེགས་བྱེད་མཁན་ཡོད་མི་སྲིད་པས་ཁྱེད་ཀྱིས་ཚེ་གང་བོར་འབད་པ་ཧུར་ཐག་བྱེད་དགོས། ——རང་ཉིད་ལ་སྤྲིངས་པ།