སྙིང་གྲོགས་མ།

                                དམར་ཁ་ཚ།

ཁ་བགད་ལེར་འདས་མ་ད་གསུམ་གླེང་དུས།།

རྣ་ཅོར་སེ་ཉན་མཁན་ང་ལས་མེད་ཀྱང་།།

ཡིད་ཚིམས་པའི་རྣམ་འགྱུར་མཐོང་ཐེངས་རེ་རེར།།

ངའི་འདུན་པའི་འགྲོ་རོགས་གཏན་དུ་འཁེལ་སོང་།།


སྙིང་དམར་པོའི་ཟབ་སའི་གཏིང་གི་དྲོད་ཐིག།

གྲོགས་མང་པོའི་སྐར་ཚོགས་ཁྲོད་ཀྱི་སྐར་ཆེན།།

མ་བཟང་མོ་འཛུམ་མདངས་ཤིག་སེ་ཡོད་པའི།།

ངའི་ཡིད་སེམས་རབ་ཏུ་སྤྲོ་བས་བརྟས་ཡོད།།

དུས་དེ་རིང་ཁྱེད་ཀྱི་གླུ་སྐད་སྙན་ལ།།

དུས་དེ་རིང་ཁྱོད་ཉིད་ལྷག་པར་མཛེས་འདུག།

དུས་དེ་རིང་སྐྱིད་པའི་སེམས་ཁམས་དྭངས་མོ།།

དུས་དེ་རིང་མིན་ཡང་རྟག་ཏུ་འཛོམས་ཤོག།

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 3,150评论 0 1
  • མདང་ནུབ་ངའི་རྨི་ལམ་དུ་ཡང་བསྐྱར་མི་དེ་རྨིས་བྱུང་། ཞོག...
    玛尚卟姆阅读 4,780评论 1 3
  • 一个周末,第一个周末。一个属于告别和新生的周末。 偏偏是以末为始。这世界的所有重生都是以打碎开始的。 有些忐忑不安...
    齐小妖阅读 1,508评论 0 2

友情链接更多精彩内容