ཡིད་ཀྱིས་དཔྱོད།

དབུས་ལམ་ནས།


འདབ་མ་གྱོང་གི་མ་བསམ།།
ལོ་མ་བཙོག་གི་མ་གསུང་།།
མཛེས་པའི་དབྱར་གྱི་དུས་ལ།།
ལང་ཚོའི་སྒེག་ཉམས་འཆར་འོང་།།

སུན་པའི་མདའ་སྒྲོ་མ་འཕེན།།
སྐྱོ་བའི་སྨྲེ་ངག་མ་འདོན།།
མི་ཚེ་དཀའ་སྡུག་ཁྲོད་ནས།།
སྐྱིད་སྡུག་མཉམ་ཁུར་བྱེད་དགོས།།

ཕྲག་དོག་ཆེ་གི་མ་བསམ།།
དུང་བ་ལྷོད་ཀི་མ་གསུང་།།
བརྩེ་བའི་འཕྲིན་ཐུང་ཕོ་ཉས།།
ཁྱོད་ལ་བདེན་དཔོན་བྱེད་ཆོག །

ཀླད་མེད་མགོ་སྟོང་མ་བསམ།།
ཤེས་མེད་འཁྱམ་པོ་མ་སྣང་།།
ལྷག་བསམ་གངས་རི་དཀར་པོས།།
ཁྱོད་ལ་དབྱེ་འབྱེད་བྱེད་ཆོག།

སྨྱོན་པའི་རང་གཤིས་མ་ཟུངས།།
དབུལ་བོའི་བྱ་སྤྱོད་མ་སེམས།།
བདེན་དོན་གསལ་བའི་བློ་མིག།
ལན་གཅིག་གཟིགས་ན་ཨེ་ཆོག །

དབུས་ལམ།

ཞེས་པ་འདི་ནི་བོད་རབ་རྒྱན་མེ་མོ་བྱ་ཡི་ལོར་དབོ་ཟླ་བའི་མར་ངོའི་རྒྱལ་བ་དང་པོའི་ཚེས་ཀྱི་དགོང་མོ་ལ་དབུས་ལམ་ནས་གྲོགས་ཤིག་སྤྲིངས་བའོ།།

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

友情链接更多精彩内容