2017-12-10

图片发自简书App

ཁ་བ་རྩོམ་ཐུང་ཚང་གི་ཆེད་རྩོམ་ལྷན་བསྡུས།

  ཨང་__________དང་པོ།


བརྩེ་བའི་འོད་མདངས་གསལ་བའི་དགའ་ལོ་འདང་ཆེན་ཨེ་མ་རྨད།།

ལང་ཚོའི་ཨུ་དཔལ་གཞོན་ནུ་ཕ་ཡུལ་ལྷ་སའི་མཐིལ་ལ་བཞད།།

གྲོགས་ལ་ཕྱི་ཐག་རིང་བ་གཞན་དང་མི་འདྲ་ཁྱད་པར་འཕགས།།

ཁོ་བོའི་སྙིང་དང་མི་འབྲལ་དམ་བཅའི་རི་མ་ོརྡོ་ལ་བསྐོས།།       

ཐོབ་སྐར→→→→→→→→→→  95/5


ཨང་_______གཉིས་པ།


བརྩེ་བའི་ན་ཟུག་ཁུར་པོ་འཕྲག་ལ་ཁུར། །

དུང་བའི་རང་བྱུང་རྨ་ཁ་སེམས་ལ་ཉལ། །

འགྱུར་མེད་དམ་བཅའི་རི་མོ་རྡོ་ལ་བྲིས། །

ལྷད་མེད་དྭངས་གཙང་འོ་ཆུ་མཚོ་ལྟར་འདྲིས། །


ཐོབ་སྐར།→→→→→→→→→→ 90/3   


ཨང་_________གསུམ་པ།


གྲང་བས་མནར་ནས་ལུས་པོ་བདེ་བ་དཀའ།།

རིམས་ནད་དྲག་པོས་སེམས་ཁམས་དྭངས་རྒྱུ་དཀའ།།

ཁྱེད་ཀྱི་སྨྲས་པའི་གསང་བ་དེ་དྲན་ན། །

ཅི་ཡང་མེད་པའི་འཁྱམས་པོ་ཡིད་སེམས་སྨྲེང་། །


ཐོབ་སྐར།→→→→→→→→→→  85/7


                    བཞི་བ།


ཕན་ཚུན་མཛའ་བཤེས་དྲང་མོའི་སྦས་གསང་སྙིང་གི་དཀྱིལ་ནས་ཟུག

ཡ་ཆུང་སེམས་ཀྱི་དྲན་གདུང་དངོས་མ་གྱེས་ཕྱག་འགའ་ཡི་རྒྱུ། །

སྐྱོ་སྡུག་གཉིས་ཀྱི་བར་གསེང་འོག་ལ་མཐའ་མེད་མི་ཁྱུད་ཀྱི། །

མི་ཚེའི་མགོ་རིལ་སྐྱིད་སྡུག་འཕྲང་ནས་གོམ་ཁ་ལམ་ལ་བསྐྱལ། །                           


ཐོབ་སྐར།→→→→→→→→→→→70/0


                ལྔ་བ།


ས་སྟེང་འདི་ཡི་སྐད་ཅིག་བདེ་བ་ལ། །

མི་རྟག་སྒྱུ་མ་མཁན་གྱི་སྒྱུ་འཕྲུལ་བཞིན། །

བུ་མོ་བསླུ་བྲིད་ཅན་གྱི་ཟུར་མིག་དེས། །

བཟུང་མ་ཐག་དུ་ན་ཟུག་ཕྱེ་མ་ཞིག། །


ཐོབ་སྐར།→→→→→→→→→→→ 68/9

                   

©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容